མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་ལ་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་མཇལ་བཅུག་མེད་པ་རེད།
༄༅༎འབར་མའི་དྲག་པོའི་སྲིད་གཞུང་གི་འགོ་ཁྲིད་དམག་སྤྱི་ཐན་ཤ་ལྦེ་ཡིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་ལ་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་མཇལ་བཅུག་མེད་པ་དེར་དེ་རིང་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་ཐུགས་ཕམ་ཆེན་པོ་གནང་འདུག
དྲུང་ཆེ་སྦན་ཀི་མུན་འབར་མའི་དྲག་པོའི་གཞུང་གི་ལྟེ་གནས་ནེ་པི་ཌོ་ནང་ཉིན་གཉིས་བཞུགས་པའི་རིང་དམག་སྤྱི་ཐན་ཤ་ལྦེ་དང་མཇལ་འཕྲད་ཐེངས་གཉིས་པ་དེ་བྱུང་བའི་སྐབས་ལྕམ་སུ་ཅི་དང་མཇལ་འཕྲད་ཡོང་བའི་འབོད་སྐུལ་ཞུས་ཀྱང་འབར་མའི་དམག་སྤྱིས་ལྕམ་སུ་ཅི་ཐོག་ད་ལྟའི་ཁྲིམས་ཁང་ནས་ཞིབ་དཔྱོད་བྱ་བཞིན་ཡོད་པར་བརྟེན་རྒྱལ་ཚོགས་ཀྱི་དྲུང་ཆེས་མཇལ་འཕྲད་གནང་རྒྱུའི་དུས་ཚོད་འོས་མཚམས་མེད་སྐོར་འགྲེལ་བཤད་བྱས་ཡོད་ལུགས་སྦན་ཀི་མུན་གྱིས་གསུངས་བཞག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བལ་ཡུལ་དུ་མཉམ་འབྲེལ་གྱི་གཞུང་ཞིག་གསར་འཛུགས་དགོས་སྐོར།
འོད་ཟེར་ལཊ་དང་འཇམ་དབྱངས་སྐྱིད་ཀྱི་ལོ་རྒྱུས།
ལྕམ་ཨང་སན་སུའུ་ཀི་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་དགོས།
རྒྱ་ནག་ནང་ཡོད་པའི་བོད་པ་སྒྲོལ་མ་ལགས་ཀྱི་ལྷན་གླེང་བ་༡།
ཨ་རིའི་དཔོན་རིགས་ནས་འབར་མའི་ལྕམ་སུ་ཀི་དང་མཇལ་འཕྲད།
རྒྱ་ནག་གཞུང་གིས་འབར་མ་ནས་རྡོ་སྣུམ་དབོར་འདྲེན་ལས་གཞི།
རྒྱ་གཞུང་གིས་རུས་རྒྱུད་ཐོག་འཛིན་པའི་སྲིད་ཇུས་༢།