བལ་ཡུལ་གཞུང་འཛིན་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་བལ་ཡུལ་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་སྐོར་གསུངས་བཞག
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་ཡོང་ཐབས་སུ་ཆབ་སྲིད་ཀྱི་ཚོགས་པ་ཚང་མ་ལས་གྲུབ་པའི་མཉམ་འབྲེལ་གྱི་གཞུང་ཞིག་གསར་འཛུགས་གནང་དགོས་སྐོར་ལམ་སྟོན་གནང་བ་དེར་བལ་ཡུལ་གཞུང་འཛིན་ཚོགས་པས་སྐྱོན་བརྗོད་ཞུས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་བལ་ཡུལ་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་སྐོར་གསུངས་བཞག
འདི་ལོའི་ཕྱི་ཟླ་ལྔ་པའི་ནང་མའོ་ཆབ་སྲིད་ཚོགས་པས་གཞུང་འཛིན་ཚོགས་པ་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་གསར་འཛུགས་བྱས་པའི་བལ་ཡུལ་མནའ་འབྲེལ་གཞུང་འཛིན་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ལ་བལ་ཡུལ་གྱི་སྲིད་གཞུང་གསར་འཛུགས་བྱེད་ཕྱོགས་ཐད་བཀའ་གནང་རྒྱུའི་ཐོབ་ཐང་གང་ཡང་ཡོད་པ་མ་རེད། བལ་ཡུལ་ལ་གཞུང་གང་འདྲ་ཞིག་དགོས་དང་མི་དགོས་ནི་བལ་ཡུལ་མི་མང་དང་ཆབ་སྲིད་ཚོགས་པ་ཚོས་ཐག་གཅོད་བྱེད་ཀྱི་རེད་ཅེས་གསུངས་བཞག ཆབ་སྲིད་ཀྱི་ཚོགས་པ་ཉི་ཤུ་རྩ་གཉིས་ལས་གྲུབ་པའི་བལ་ཡུལ་མནའ་འབྲེལ་སྲིད་གཞུང་གིས་དེ་རིང་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ང་ཚོའི་མནའ་འབྲེལ་སྲིད་གཞུང་འདི་གསར་འཛུགས་གནང་བ་ནས་བཟུང་ད་བར་ང་ཚོས་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཚང་མས་མནའ་འབྲེལ་གཞུང་གི་ཆ་ཤས་ལེན་པའི་ཐུགས་རེ་གནང་བཞིན་ཡིན་ཞེས་གསུངས་བཞག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བལ་ཡུལ་ནང་འཁྲུག་ཐག་ཆོད་བྱུང་ཏེ་ལོ་ངོ་གསུམ་ཙམ་ཕྱིན་ཟིན་ཀྱང་ད་དུང་ཡུལ་ནང་ཞི་བདེ་དང་ཡར་རྒྱས་མི་འགྲོ་བ་དེ་ནི་ཆབ་སྲིད་ཀྱི་ཚོགས་པ་ཁག་ནང་ཁུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པ་དེས་འགོག་རྐྱེན་བཟོ་གི་ཡོད་ལུགས་གསུང་ཐོག་ཆབ་སྲིད་ཀྱི་ཚོགས་པ་ཚང་མ་ལས་གྲུབ་པའི་མནའ་འབྲེལ་སྲིད་གཞུང་ཞིག་གསར་འཛུགས་གནང་ཐུབ་ན་ལེགས་པ་ཡོད་པའི་དགོངས་འཆར་གསུང་གནང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བོད་དོན་ཐོག་རོམ་གྱི་ཡོངས་ཁྱབ་སྤྱི་བསྒྲགས།
བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི།
རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་ལྷན་ཚོགས།
བཞུགས་སྒར་ཉེ་འཁྲིས་སུ་བོད་ཀྱི་རིག་གཞུང་སྐོར་གྱི་བགྲོ་གླེང༌།
༸གོང་ས་མཆོག་ཨི་ཊ་ལིར་ཞབས་སོར་འཁོད་པ།
འཛམ་གླིང་གི་བཀྲེས་སྐོམ་ངལ་སེལ་བྱ་གལ་གྱི་སྐུལ་མ།
བལ་ཡུལ་གྱི་ཞི་འགྲིག་ལས་དོན་ནར་འགྱང་དུ་གྱུར་ཡོད་པ་རེད།
བོད་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས།