བལ་ཡུལ་ནང་འཛིན་བཟུང་བྱས་པའི་བོད་པའི་འགོ་འཁྲིད་གསུམ་གློད་འགྲོལ་དགོས་པའི་བཀའ་ཁྱབ་བལ་ཡུལ་ཁྲིམས་ཁང་ནས་བཀའ་ཁྱབ་བཏང་བ།
༄༅༎བར་ལམ་ཕྱི་ཟླ་གསུམ་པའི་ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་ད་བར་བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་བྱ་སྤྱོད་ནང་ཐེ་ཇུས་ཡོད་པའི་ཉེས་འཛུགས་འོག་བལ་པོའི་ཉེན་རྟོག་པས་བལ་ཡུལ་སྣེ་ལེན་ཁང་གི་འགོ་འཛིན་དང་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་འཛིན་བཟུང་བྱས་པ་རྣམས་དེ་རིང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཁོང་གསུམ་གློད་འགྲོལ་གཏོང་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།
ཆེས་མཐོའི་ཁྲིམས་ཁང་ནས་ཁ་སྔོན་ཉེན་རྟོག་པས་ཁོང་གསུམ་འཛིན་བཟུང་བྱས་པ་དེ་ནི་ཁྲིམས་འགལ་ཞིག་ཡིན་པ་གསུང་ཡོད་པའི་སྐོར་ལ་ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་ ཏིལ་པར་སའརྡེ་ཤེརེསི་ཐ་ ཞུ་བས་གསུང་ཡོད་ཅིང་། བལ་པོའི་ཉེན་རྟོག་པས་ཁ་སྔོན་ཕྱི་ཟླ་དྲུག་པའི་ནང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་གཅུང་ལགས་དང་བལ་ཡུལ་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་ངག་དབང་བཟང་མོ་ལགས་དང་ཚོགས་གཙོ་གཞོན་པ་བཀྲིས་སྒྲོལ་མ་ལགས་གསུམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ལ་འགོ་ཁྲིད་བྱེད་ཀྱི་ཡོད་པའི་ནག་ཉེས་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་དང་ཡིན་ནའང་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བལ་ཡུལ་གཞུང་ལ་ཁོང་གསུམ་གྱིས་དྲག་པོའི་ལས་འགུལ་གང་ཡང་སྤེལ་མེད་པ་དང་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། བལ་ཡུལ་ནང་ལ་བོད་མི་སྐྱབས་བཅོལ་བ་ཁྲི་གཉིས་ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་བར་ལམ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་དམར་གསོད་གཏོང་བའི་གནས་སྟངས་ཀྱི་ཐོག་ནས་བལ་ཡུལ་ནང་གི་བོད་མི་ཚོས་མུ་མཐུད་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཨ་མདོ་ས་ཁུལ་དུ་དགོན་སྡེ་ཁག་ཅིག་གི་གནས་སྟངས།
༸གོང་ས་མཆོག་གིས་དད་ལྡན་ཚོར་བཀའ་ཆོས་གནང་གྲུབ་པ།
ཁམས་ཁུལ་དུ་གྲྭ་བ་བརྒྱད་ལ་དུས་བཀག་ཁྲིམས་ཐག་བཅད་པ།
བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་སུ་ས་འགུལ།
ཁམས་དཀར་མཛེས་ཁུལ་དུ་བོད་མི་ཁག་ཅིག་གློད་བཀྲོལ་བཏང་བ།
འབྲས་ལྗོངས་བོད་ཀྱི་མགྲོན་ཁང་ལ་གཟེངས་རྟགས།
བོད་རྒྱའི་གྲོལ་མོལ་ཐེངས་བརྒྱད་པ།