བལ་ཡུལ་ནང་མའོ་ཤོག་ཁག་གིས་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་ཡིན་པའི་གནས་ཚུལ།
༄༅༎བལ་ཡུལ་ནང་མའོ་ཤོག་ཁག་གིས་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
འདི་ལོ་ཕྱི་ཟླ་ལྔ་པ་ནས་བཟུང་མའོ་ཤོག་ཁག་དང་གཞུང་དབར་རྒྱལ་ཁབ་ཀྱི་དམག་སྤྱི་འཕོ་འགྱུར་གཏོང་ཕྱོགས་ཐད་མ་འཆམ་པའི་དཀའ་རྙོག་འོག་མའོ་ཤོག་ཁག་གཞུང་འཛིན་ནས་ཕྱིར་ཐོན་བྱེད་དགོས་བྱུང་བ་མ་ཟད་དཀའ་རྙོག་དེ་ད་དུང་སེལ་མེད་པར་བརྟེན་ད་ཆ་བསྐྱར་དུ་རྒྱལ་ཡོངས་སུ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད་གནམ་ཐང་དང་རྒྱ་ལམ་སོགས་བཀག་ཏེ་ཕྱི་ཟླ་བཅུ་གཅིག་གི་ཚེས་བཅུ་ནང་ཚུད་རྒྱལ་ས་ཀ་ཐ་མན་དྲུ་སྒོ་རྒྱབ་པ་ལྟ་བུ་བཟོས་རྩིས་ཡོད་ལུགས་ཚོགས་པའི་དཔོན་རིགས་མཐོ་གྲས་རྡེལྦ་གུ་རུང་གིས་གསུངས་ཡོད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག དེའི་དབར་ལ་གཞུང་གི་མགྲིན་ཚབ་པ་ཤང་ཀར་པོཁ་རེལ་གྱིས་མའོ་ཤོག་ཁག་གིས་རྒྱལ་ཁབ་ནང་ཞི་འགྲིག་དང་རྩ་ཁྲིམས་གསར་པ་བཟོ་རྒྱུའི་ལས་དོན་གཡོལ་ཐབས་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་དང་སྦྲགས་རྒྱལ་ཁབ་ཀྱི་དཀའ་རྙོག་སེལ་རྒྱུར་སྲིད་དོན་ཚོགས་པ་ཚང་མས་མཉམ་རུབ་ཀྱིས་ཐབས་ཤས་གནང་དགོས་པ་ལས་ངོ་རྒོལ་གྱི་ལམ་ནས་སེལ་ཐབས་མེད་པས་གཞུང་གིས་ངོ་རྒོལ་དེ་རིགས་ལ་ལྟད་མོ་བལྟས་ནས་བསྡད་ཀྱི་མ་རེད་ཅེས་གཏམ་བཤད་གནང་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།
རྒྱ་གར་དུ་ཧི་མ་ལ་ཡའི་དགོན་སྡེ་ཁག་གི་ལྷན་ཚོགས་གནང་འཆར།
བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི།
བཞུགས་སྒར་ཉེ་འཁྲིས་སུ་བོད་ཀྱི་རིག་གཞུང་སྐོར་གྱི་བགྲོ་གླེང༌།
བལ་ཡུལ་གྱི་ཞི་འགྲིག་ལས་དོན་ནར་འགྱང་དུ་གྱུར་ཡོད་པ་རེད།
ཨ་རིའི་གཞུང་གསར་འཛུགས་ཀྱི་ལོ་རྒྱུས།
དབྱིན་ཇིས་བལ་ཡུལ་ལ་ཌོ་ལར་ས་ཡ་བརྒྱད་བཅུའི་རོགས་རམ།
རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ལ་དགག་ལན།