སྐུ་ཚབ་དོན་གཅོད་གསར་བསྐོ།

༄༅། །དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཕྱི་ཟླ་ ༨ ཚེས་ ༢ ནས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དང། སྦར་སིལ་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཕྱི་ཟླ་ ༨ ཚེས་ ༩ ནས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག མཚོ་སྒོ་ལྷག་པ་ལགས་ཉི་ཧོང་དང་ཤར་ཨེ་ཤི་ཡའི་དོན་གཅོད་ཀྱི་ལས་འགན་ཕྱི་ཟླ་ ༦ ཚེས་ ༡ ནས་གཙང་འཁྱུར་འགྲོ་རྒྱུའང། ཕྱི་ཟླ་ ༡༡ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་མ་འགྲུབ་བར་ད་ལྟའི་ལས་འགན་མཇུག་སྐྱོང་གནང་གི་ཡོད་པ་རེད་འདུག དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ཟླ་ ༩ ཚེས་ ༡ ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག།