རྒྱ་མི་དམངས་གཙོ་དོན་གཉེར་བ་ཧུ་ཧྲི་གེན་གློད་བཀྲོལ་བཏང་བ།

2008-08-27

རྒྱ་མི་རིགས་མང་གཙོ་དོན་གཉེར་བ་ཧུ་ཧྲི་གེན་མི་ལོ་༡༦རིང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྗེས་ཁ་ས་གློད་བཀྲོལ་བཏང་བཞག

༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བལྟ་སྤྱོད་མི་མཐུན་མཁན་རྒྱ་མི་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ ཧུ་ཧྲི་གེན་ མི་ལོ་༡༦རིང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྗེས་ཁ་ས་རེས་གཟའ་མིག་དམར་ཉིན་གློད་བཀྲོལ་བཏང་ཡོད་པ་རེད་བཞག

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བལྟ་བ་མི་མཐུན་མཁན་རྒྱ་ནག་མང་གཙོ་དོན་གཉེར་བ་སྐུ་ཞབས་ ཧུ་ཧྲི་གེན་ ཡིས་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མདུན་དུ་མང་གཙོའི་ལས་འགུལ་སྤེལ་མཁན་རྒྱ་ནག་གི་སློབ་ཕྲུག་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་བའི་ཉེས་བཙུགས་བྱས་ནས་ཕྱི་ལོ་༡༩༩༢ལོའི་ཕྱི་ཟླ་ལྔ་པའི་ཚེས་༢༧ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་སྟེ་ལོ་དེའི་ཕྱི་ཟླ་དགུ་པའི་ནང་དངོས་སུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད་ དེ་ནས་རིམ་བཞིན་ཕྱི་ལོ་༡༩༩༤ལོའི་ཕྱི་ཟླ་༡༢པའི་ནང་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཧུ་ཧྲི་གེན་ཡིས་གསར་བརྗེར་ངོ་རྒོལ་གྱི་ཤོག་ཁག་སྒྲིག་འཛུགས་དང་འགོ་ཁྲིད་བྱས་པ་ དེ་བཞིན་གསར་བརྗེར་ངོ་རྒོལ་གྱི་དྲིལ་བསྒྲགས་དཀྲུག་ཤིང་སློང་བའི་ཉེས་པ་བཅས་ཀྱི་ཐོག་ནས་ཁོང་ལོ་ངོ་༢༠ཤུའི་རིང་བཙོན་འཇུག་བཀག་ཉར་བྱེད་རྒྱུའི་ཐག་གཅོད་བྱས་པའི་ཐོག་ལོ་ལྔའི་རིང་ཆབ་སྲིད་དབང་ཆ་ཡོངས་རྫོགས་འཕྲོག་ཡོད་ལུགས་གཞུང་འབྲེལ་གསལ་སྟོན་བྱས་ཡོད་པ་རེད་ དེ་ནས་རིམ་པས་ཧུ་ཧྲི་གེན་ཕྱི་ལོ་ ༢༠༠༥ ལོ་དང་འདི་ལོ་ཕྱི་ལོ་ ༢༠༠༨ བཅས་ནང་བཙོན་འཇུག་བྱེད་རྒྱུའི་ལོ་ཚད་ཉུང་དུ་བཏང་ནས་ད་ཆ་ལོ་བཅོ་དྲུག་བཙོན་འཇུག་བྱས་པའི་རྗེས་ཁ་ས་རེས་གཟའ་མིག་དམར་ཉིན་གློད་བཀྲོལ་བྱས་ཡོད་ཀྱང་ལོ་ལྔའི་རིང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་ཐོག་སྨྲ་བརྗོད་ཀྱི་རང་དབང་དང་འདུ་འཛོམས་ཀྱི་དབང་ཆ་སོགས་འཕྲོག་ཡོད་པ་རེད་ཅེས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པའི་འགན་འཛིན་ ཤེ་རོན་ཧོམ་ ཡིས་དེ་རིང་གསལ་འགོད་པར་གསལ་སྟོན་གནང་ཡོད་པ་རེད་

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།

ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།

རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།

རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།

རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་དམ་བསྒྲགས་བྱེད་བཞིན།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།

རྒྱ་ནག་ནང་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ངོ་རྒོལ་བྱས་པ།

རྒྱ་ནག་གིས་ཐའེ་ལྦན་གྱི་སོ་པ་སྲོག་ཐོག་བཏང་བར་སྐྱོན་བརྗོད།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org