བོད་ཀྱི་མདོ་ཁམས་དཀར་མཛེས་ས་ཁུལ་ཡོངས་རྫོགས་ཐོག་རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་གཏན་འཇགས་བཀོད་གཤོམ་བྱས་འདུག
༄༅༎བོད་ཀྱི་མདོ་ཁམས་དཀར་མཛེས་ས་ཁུལ་ཡོངས་རྫོགས་ཐོག་རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་གཏན་འཇགས་བཀོད་གཤོམ་བྱས་ཏེ་ ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་ད་བར་ས་ཁུལ་དེ་དག་ནང་གི་བོད་མི་རྣམས་ཕར་འགྲོ་ཚུང་འོང་སོགས་ འགྲིམ་འགྲུལ་རིགས་བྱེད་དུ་མ་བཅུག་པར་ དུས་རྟག་ཏུ་དྲག་གནོན་འོག་ཏུ་བཞག་ཡོད་པ་རེད་ དེ་ཡིས་མ་ཚད་རྒྱ་ནག་གཞུང་ལ་ཞི་བའི་ལམ་ནས་ངོ་རྒོལ་སྤེལ་མཁན་ ས་ཁུལ་དེའི་ནང་གི་བོད་མི་ཚོའི་ཐོག་རྒྱ་ནག་གི་དམག་མིས་གང་བྱུང་མེ་འཕེན་བྱེད་ཀྱི་ཡོད་སྐོར་ བདུན་ཕྲག་སྔོན་མའི་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕེ་རན་སིའི་ནང་གསུང་གནང་ཡོད་པ་རེད་
རྒྱ་ནག་གཞུང་གིས་ ས་ཁུལ་དེ་དག་ནང་བརྟན་ལྷིང་དང་ མི་རྣམས་འཆམ་མཐུན་ཡོད་ལུགས་ཤོད་ཀྱི་ཡོད་པའི་སྐོར་བསམ་ཚུལ་ག་རེ་ཡོད་ཅེས་ཨེ་ཨེཕ་པི་གསར་སྤེལ་ལས་ཁང་གི་གསར་འགོད་པས་ མདོ་སྟོད་དཀར་མཛེས་ས་ཁུལ་གྱི་རྐང་ལྡིང་དགོན་པའི་དགེ་འདུན་པ་ཞིག་ལ་འདྲི་བ་བཀོད་པར་ ང་ཚོ་ནི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་འོག་ཏུ་གནས་བཞིན་པ་ཡིན་ གལ་ཏེ་ རྒྱ་ནག་གི་དཔོན་རིགས་ཚོས་ ས་གནས་དེ་གའི་ནང་བརྟན་ལྷིངས་དང་ འཆུམ་མཐུན་སླར་གསོ་བྱས་ཡོད་ཅེས་ཤོད་ཀྱི་ཡོད་ན་ དེ་ག་རང་ཡིན་གྱི་རེད་ གང་ཡིན་ཟེར་ན་ རྒྱ་མི་ཚོས་ག་རེ་བཤད་བཤད་རེད་ཅེས་བཀའ་ལན་གནང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཕྱི་རྒྱལ་བས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ།
༸གོང་ས་མཆོག་དང་ཅེཀ་རྒྱལ་ཁབ་ཀྱི་སྲིད་བློན་མཇལ་འཕྲད།
༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་རྒྱུན་ལས་ཚོཌ་འདུ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།