རྒྱ་ནག་ནང་མི་མང་གང་བྱུང་འཛིན་བཟུང་བྱེད་པར་སྐྱོན་བརྗོད།

རྒྱ་ནག་དམིགས་བསལ་དྲག་ཆས་ཉེན་རྟོགས་པས་ནག་ཉེས་ཆུང་ཚག་ལ་ཁ་བཏགས་ནས་མི་མང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད།

༄༅༎ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ རྒྱ་ནག་གི་དམིགས་བསལ་དྲག་ཆས་ཉེན་རྟོག་པས་མང་ཚོགས་ཐོག་དྲག་རྩུབ་ཤུགས་ཆེ་བེད་སྤྱོད་བྱས་ཏེ། ནག་ཉེས་ཆུང་ཚག་ལ་ཁ་བཏགས་ནས་མི་མང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག།

གོང་ཞུས་ཚོགས་པས་ཤོག་གྲངས་༧༦བྱས་པའི་། ཁོ་རྡུང༌། ཚང་མ་ཁྲོག་ལེན་བྱེད། ཞེས་ཁ་སྦྱང་དུ་འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། རྒྱ་ནག་གི་གྲོང་ཁྱེར་དོ་དམ་ཁྲིམས་ལུགས་ལས་ཁང་གིས་ མང་ཚོགས་ཐོག་དྲག་རྩུབ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གཞུང་ལ་དམིགས་བསལ་དྲག་ཆས་ཉེན་རྟོག་པའི་ལས་ཁང་དེ་མེད་པ་བཟོ་དགོས་རྒྱུའི་འབོད་སྐུལ་གནང་འདུག།