༡༩༡༤ལོའི་སིམ་ལའི་ཆིངས་ཡིག་གི་ཤུགས་རྐྱེན་ཐོག་ལྷན་ཚོགས།

2008-07-05

ཕྱི་ལོ་༡༩༡༤ལོར་བཞག་པའི་བོད་དང་རྒྱ་དཀར་ནག་དབར་གྱི་སིམ་ལའི་ཆིངས་ཡིག་ཅེས་པ་དེའི་མཇུག་འབྲས་ཀྱི་ཤུགས་རྐྱེན་ཇི་བྱུང་སྐོར་ལྷན་ཚོགས་གནང་འདུག

༄༅༎ཕྱི་ལོ་ ༡༩༡༤ ཕྱི་ཟླ་བདུན་པའི་ཚེས་ ༣ ཉིན་བོད་དང་རྒྱ་གར་དབྱིན་ཇིའི་གཞུང་ དེ་བཞིན་རྒྱ་ནག་བཅས་ཀྱི་སྐུ་ཚབ་དབར་ཡོངས་གྲགས་སུ་སིམ་ལའི་ཆིངས་ཡིག་ཅེས་པ་དེ་བཞག་སྟེ་ ལོ་ ༩༤ འཁོར་བའི་དུས་དྲན་རྗེས་དྲན་དང་ ཆིངས་ཡིག་དེའི་མཇུག་འབྲས་ཀྱི་ཤུགས་རྐྱེན་ཇི་བྱུང་སྐོར་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྷན་ཚོགས་ཤིག་བསྐོར་ཚོགས་གནང་འདུག

ལྷན་ཚོགས་འདིའི་ཐོག་ཇཧ་ལྦར་ལལ་ ནེཧ་རུ་མཐོ་སློབ་ཁང་གི་སྤྱི་ཚོགས་ཤེས་ཡོན་སྡེ་ཚན་གྱི་སློབ་དཔོན་སྐུ་ཞབས་ ཨ་ནན་ཀུ་མའར་ དང་ གཞུང་ཚབ་ཟུར་པ་ རྡ་ལིབ་མེ་ཊ་ སོགས་ཆབ་སྲིད་དང་ཁྲིམས་ལུགས་མཁས་པའི་མི་སྣ་ཁག་ཅིག་ཆེད་ཕེབས་གནང་འདུག

ཕྱི་ལོ་ ༡༩༡༤ ལོར་དབྱིན་ཇིའི་རྒྱ་གར་གཞུང་གི་དྲུང་ཆེ་ ཧེན་རི་མེཀ་མེན་ དང་ བོད་ཀྱི་བློན་ཆེན་བཤད་སྒྲ་ དཔལ་འབྱོར་རྡོ་རྗེ་ རྒྱ་ནག་གི་སྐུ་ཚབ་ ཨི་ལྦན་ཁྲེན་ བཅས་སིམ་ལར་མཇལ་འཛོམས་གནང་སྟེ་ དབྱིན་ཇི་དང་རྒྱ་ནག་གི་སྐུ་ཚབ་གཉིས་དབར་དབྱིན་ཇིའི་གཞུང་གིས་བོད་འདི་རྒྱ་ནག་གི་མིང་ཙམ་གྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱ་རྒྱུ་དང་ འོན་ཀྱང་རྒྱ་ནག་གིས་བོད་ཀྱི་འཛིན་སྐྱོང་ཐད་ཐེ་བྱུས་བྱེད་མི་ཆོག་རྒྱུ་ཞེས་སོགས་འཁོད་ཆིངས་དོན་ཞིག་ལ་མིང་རྟགས་བཀོད་ཡོད་པ་རེད་ ལྷག་པར་དུ་རྒྱ་གར་གཞུང་གིས་ད་ལྟ་ཡང་ རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་ས་ཐིག་འདི་སྐབས་དེ་དུས་གཏན་འབེབས་བྱས་པ་དེ་གར་ངོས་འཛིན་བྱེད་བཞིན་ཡོད་པ་དང་ རྒྱ་ནག་གཞུང་གིས་ས་ཐིག་དེར་ངོས་འཛིན་བྱེད་ཀྱི་མེད་སྟབས་ རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་དཀའ་རྙོག་དེ་ད་དུང་ཡང་སེལ་ཐུབ་ཀྱི་མེད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

རྒྱ་གར་དང་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱེད་ཆོག་པའི་སྐོར།

རྒྱ་མིའི་སྲིད་འཛིན་དང་ཨི་རན་གྱི་སྲིད་འཛིན་མཇལ་མོལ་གནང་བ།

ཧོང་ཀོང་ས་གནས་སྲིད་གཞུང་གི་ཁྲིམས་བཟོའི་འོས་བསྡུ་བྱེད་རྒྱུ།

སྟག་འཚེར་རིན་པོ་ཆེ་དགོངས་པ་གཤེགས་པ།

བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་འཆར་ཡོད་པ་རེད།

རྒྱལ་སྤྱིའི་གཞོན་ནུའི་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་སྐོར།

རྒྱ་གར་གྱི་ཆུ་ལོག་གནོད་འཚེར་རོགས་སྐྱོབ་ལས་འཆར་སྐོར།

རྒྱ་ནག་ཧུའུ་ནན་ཤང་ཤིའི་ས་གནས་སུ་མི་མང་གི་ངོ་རྒོལ་ལངས་བ།

རྒྱ་ནག་གི་ས་ཁུལ་གཞན་ཞིག་ནང་ལ་ཡང་ངོ་རྒོལ་བྱས་ཡོད་འདུག

ཤིན་ཅང་དུ་ཁ་ཆེའི་ཆོས་ཕྱོགས་དུས་ཆེན་ལ་དམ་བསྒྲགས་བྱས་པ།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org