ཨ་རིའི་བཙོན་ཁང་ནས་ཡུ་གུར་གྱི་བཙོན་པ་གསར་པ་དྲུག་གློད་འགྲོལ་བཏང་བ་དེ་རྣམས་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་པཱ་ལའུ་དུ་འབྱོར་ཡོད་པ་རེད།
༄༅༎ཁྱིའུ་སྦའི་རྒྱལ་ཁབ་ཀྱི་གུའན་ཏ་ན་མོ་གླིང་ཕྲན་ནང་དུ་ཡོད་པའི་ཨ་མེ་རི་ཀའི་བཙོན་ཁང་ནས་ཡུ་གུར་གྱི་བཙོན་པ་གསར་པ་དྲུག་གློད་འགྲོལ་བཏང་བ་དེ་རྣམས་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་པཱ་ལའུ་ཞེས་པས་འཕྲལ་སེལ་སྐྱབས་བཅོལ་དུ་རྩིས་ལེན་བྱས་ཡོད་པ་ལྟར་དེ་རིང་པཱ་ལའུ་རྒྱལ་ཁབ་ཏུ་འབྱོར་ཡོད་པ་རེད།
དེ་ཡང་ཕྱི་ལོ་ཉིས་སྟོང་གཅིག་ལོར་ཨ་མེ་རི་ཀས་ཨཕ་ག་ནི་སི་ཏན་ཐོག་དམག་འཐབ་བྱེད་པའི་སྐབས་ཨ་མེ་རི་ཀ་དང་མཐུན་ཕྱོགས་དམག་དཔུང་གིས་ཡུ་གུར་ཁ་ཆེའི་མི་རིགས་འཛིན་བཟུང་བྱས་ཏེ་ཁྱིའུ་སྦའི་བྱང་ཕྱོགས་སུ་ཡོད་པའི་གུའན་ཏ་ན་མོ་གླིང་ཕྲན་ཐོག་ཨ་མེ་རི་ཀའི་བཙོན་ཁང་གསར་རྒྱག་གིས་དེའི་ནང་དུ་ཨཕ་ག་ནི་སི་ཏན་གྱི་ཊ་ལི་སྦན་དྲག་འཐབ་ཤོག་ཁག་འཛིན་བཟུང་བྱས་པའི་མཉམ་དུ་ཡུ་གུར་བ་དེ་རྣམས་མི་ལོ་བདུན་ལྷག་བཙོན་ཁང་དེའི་ནང་བསྡད་ཡོད་ཅིང་ཡིན་ནའང་ཨ་མེ་རི་ཀའི་གཞུང་གིས་ཡུ་གུར་གྱི་བཙོན་པ་རྣམས་ལ་ཞིབ་འཇུག་བྱས་པའི་སྐབས་ཡུ་གུར་གྱི་བཙོན་པ་རྣམས་དེ་སྔོན་ཨཕ་ག་ནི་སི་ཏན་ནང་དུ་ཨ་མེ་རི་ཀའི་དམག་དཔུང་སོགས་མཐུན་ཕྱོགས་དམག་དཔུང་ཐོག་ལ་ཁ་གཏད་བྱེད་མཁན་མ་ཡིན་པར་སྐབས་དེར་ཊ་ལི་སྦན་དྲག་འཐབ་ཤོག་ཁག་དང་མཉམ་དུ་ནོར་འཁྲུལ་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་མཁྱེན་རྟོགས་བྱུང་བའི་རྗེས་ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གུའན་ཏ་ན་མོ་གླིང་ཕྲན་ནང་གི་ཨ་རིའི་བཙོན་ཁང་དེ་སྒོ་བརྒྱབ་རྒྱུ་དང་བཙོན་པ་དེ་རྣམས་གློད་འགྲོལ་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཡུ་གུར་གྱི་བཙོན་པ་དེ་རྣམས་རྒྱ་ནག་ཏུ་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་པར་བརྟེན་ཨ་མེ་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གལ་ཏེ་ཡུ་གུར་གྱི་བཙོན་པ་རྣམས་རྒྱ་ནག་ཏུ་རྩིས་སྤྲོད་བྱས་པ་ཡིན་ཚེ་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱོང་རྒྱུ་ཡིན་པ་ངོས་འཛིན་གྱིས་བཙོན་པ་དེ་རྣམས་འགྲོ་ཡུལ་རྒྱལ་ཁབ་གསུམ་པ་ཞིག་འཚོལ་ཐབས་བྱས་ཏེ་གློད་འགྲོལ་གཏོང་རྒྱུའི་འབད་བརྩོན་གནང་བ་ལྟར་ཨ་མེ་རི་ཀའི་རེ་འདུན་བཞིན་པཱ་ལའུ་རྒྱལ་ཁབ་ཆུང་ཆུང་དེ་ཡིས་ཡུ་གུར་གྱི་བཙོན་པ་དེ་རྣམས་གནས་སྐབས་རིང་སྡོད་ཡུལ་གྱི་ཆ་རྐྱེན་སྤྲོད་རྒྱུའི་མོས་མཐུན་གནང་བ་ཞིག་ཡིན་པ་རེད། ཡུ་གུར་གྱི་བཙོན་པའི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཁྲིམས་མཐུན་ཚོགས་པ་ཞིག་གིས་གསུང་ན་པཱ་ལའུ་རྒྱལ་ཁབ་ཀྱིས་ཡུ་གུར་གྱི་བཙོན་པ་དེ་རྣམས་ལ་གནས་སྐབས་རིང་སྡོད་ཡུལ་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ད་དུང་ཁོང་ཚོར་གཏན་སྡོད་སྐྱབས་བཅོལ་འགྲོ་ཁུངས་མོས་མཐུན་བྱེད་མཁན་གྱི་རྒྱལ་ཁབ་ཞིག་གང་མགྱོགས་ཡོང་བའི་རེ་བ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
༸གོང་ས་མཆོག་ལ་སྐུ་མགྲོན་གྱི་མཐུན་འགྱུར་ཕུལ་བར་དགའ་བསུ།
རྒྱ་གར་དང་ཨ་མི་རི་ཀའི་བར་གྱི་འབྲེལ་ལམ་སྐོར།
ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ།
ཨ་མི་རི་ཀས་ཐའེ་ལྦན་ལ་དམག་གི་གནམ་གྲུ་ཚོང་བསྒྱུར་རེ་སྐུལ།
ཨ་རིའི་སྙན་ཐོར་རྒྱ་ནག་གིས་མི་འདོད་པའི་སྐྱོན་བརྗོད།
རྒྱ་གར་གྱི་སྲིད་བློན་མཆོག་ཨ་མི་རི་ཀར་འཚམས་འདྲི།
རྒྱ་གར་སྲིད་བློན་གྱི་གསུང་བཤད་ལ་པ་ཀིསི་ཏན་ནས་སྐྱོན་བརྗོད།
ཕུལ་བྱུང་གསར་འགོད་པའི་དགོས་ངེས་ཅན།