བོད་ཨ་མདོ་ས་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་ནས་བོད་པའི་སློབ་ཕྲུག་གཉིས་སློབ་གྲྭ་ནས་ཕྱི་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་ཕྱིར་འབུད་བྱས་ཡོད་འདུག
༄༅༎དེང་སྐབས་རྒྱ་ནག་གིས་ཀན་ལྷོ་ཞེས་འབོད་པ་བོད་ཨ་མདོ་ས་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་ནས་བོད་པའི་སློབ་ཕྲུག་གཉིས་སློབ་གྲྭ་ནས་ཕྱི་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་ཕྱིར་འབུད་བྱས་ཡོད་འདུག
སློབ་ཕྲུག་དེ་གཉིས་ཀྱི་ནག་ཉེས་ནི་འདི་ལོ་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་བཞི་ཉིན་ས་ཁུལ་དེར་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཐེ་གཏོགས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད།
བོད་པའི་སློབ་ཕྲུག་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་འདི་ཕྱི་ཟླ་དྲུག་པའི་ཚེས་སུམ་བཅུ་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁུངས་བདེན་གྱི་གནས་ཚུལ་འབྱོར་བ་གཞིར་བཟུང་གསལ་བསྒྲགས་གནང་པ་ཞིག་ཡིན་པ་དང་ཕྱིར་འབུད་བྱས་པའི་སློབ་ཕྲུག་དེ་གཉིས་ནི་ལོ་ན་ཉི་ཤུ་རྩ་གཅིག་ལ་སོན་པ་སྒྲོལ་མ་བཀྲིས་སམ་སྒྲོལ་བཀྲ་དང་ལོ་ན་ཉི་ཤུ་རྩ་གཉིས་ཡིན་པ་སྒྲོལ་མ་འབུམ་མམ་སྒྲོལ་འབུམ་ཟེར་བ་གཉིས་ཡིན་འདུག་ཅིང་ཁོང་གཉིས་ཀ་ཀན་སུ་ཞིང་ཆེན་གྱི་ཁོངས་གཏོགས་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་གསང་ཆུ་རྫོང་ཟང་ཁོག་གྲོང་ཁྱེར་ནས་ཡིན་འདུག
ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོ་ཁྲོམ་གཞུང་དུ་བསྐྱོད་སྐབས་མི་དམངས་ཉེན་རྟོག་དཔུང་སྡེས་བཀག་སྟེ་སློབ་ཕྲུག་ཚོ་སློབ་གྲྭར་འོར་འདྲེན་བྱས་འདུག་ཅིང་སློབ་ཕྲུག་གཅིག་ཀྱང་སློབ་གྲྭའི་ཕྱིར་འགྲོ་བསྐྱོད་མི་ཆོག་པ་བཟོས་ཏེ་མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་སློབ་གྲྭ་ཡོངས་སུ་མཐའ་བསྐོར་གྱིས་གནས་པ་བྱུང་འདུག་ལ་ངོ་རྒོལ་ནང་ཞུགས་མཁན་གྱི་སློབ་ཕྲུག་ཚོའི་ཕ་མ་འདུ་བསྐོང་གིས་མ་འོངས་པར་ངོ་རྒོལ་གྱི་ལས་རིགས་འདི་ལྟ་བུ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་གཞན་ཞིག་འབྱོར་བར་གཞིགས་ན་ཀན་ལྷོ་གསང་ཆུ་རྫོང་གི་དམའ་རིམ་སློབ་གྲྭའི་སློབ་མ་བཅུ་གསུམ་གྱིས་ཕྱི་ཟླ་བཞི་པའི་ཚེས་སུམ་བཅུ་ཉིན་ཞི་བའི་ངོ་རྒོལ་ཞིག་བྱས་འདུག་པ་དང་སློབ་ཕྲུག་དེ་དག་འཇུ་བཟུང་བྱས་པའི་དུས་ཚོད་ཐུང་ངུ་ཞིག་གི་རྗེས་གློད་གྲོལ་བཏང་ཡོད་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ར་ཤི་ཡའི་དད་ལྡན་ཆོས་ཞུ་བར་བཀའ་ཆོས།
༸གོང་ས་མཆོག་གི་རྟ་ལྦང་ཁུལ་གྱི་ཆིབས་བསྒྱུར།
རང་བཙན་བོད་མི་མང་གི་རེ་སྨོན༨པ།
རྩོམ་པ་པོ་ལྦང་ལི་ཞུང་གི་དཔྱད་གཏམ།
རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་འཚོལ་བཞིན་པ།
ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་གནང་བ།
ཐའེ་ལྦན་གྱིས་མཚོ་གླིང་གི་བདག་དབང་རྩོད་ལེན་མི་བྱེད་རྒྱུ།
ཨ་རིའི་སྙན་ཐོར་རྒྱ་ནག་གིས་མི་འདོད་པའི་སྐྱོན་བརྗོད།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.