སྐུའི་མཁྲིས་རྡོའི་གཤག་བཅོས་བདེ་བླག་ངང་བསྒྲུབས་པའི་སྐོར།

2008-10-10

བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་སྨན་ཁང་དུ་སྐུའི་མཁྲིས་རྡོ་གཤག་བཅོས་ལེགས་སྒྲུབ་བྱུང་གནང་ཡོད་པ་རེད།

༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་སྨན་ཁང་དུ་སྐུའི་མཁྲིས་རྡོ་གཤག་བཅོས་ལེགས་སྒྲུབ་བྱུང་གནང་ཡོད་པ་རེད།

དེ་ཡང་༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ནས་དེ་རིང་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་གང་ག་རམ་སྨན་ཁང་དུ་གཤག་བཅོས་གནང་ནས་སྟབས་བདེ་པོའི་ངང་སྐུའི་འཁྲིས་རྡོའི་གཤག་བཅོས་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་པ་དང་ཉིན་ཤས་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང༌འབྱུང་འགྱུར་གྱི་མཛད་འཆར་ཁག་ལ་ཡང་འགྱུར་བ་མེད་ཅེས་བཀོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཕེ་རན་སི་རྒྱལ་ཁྱབ་ཏུ་ཆིབས་བསྒྱུར་གྱི་མཛད་རིམ་བྲེལ་ཟིང་གིས་ཕྲན་བུ་གསོལ་གྲོད་མི་བདེ་བ་བྱུང་ཡོད་སྟབས་རྒྱ་གར་དུ་ཕྱིར་ཕེབས་ནས་ཕྱི་ཟླ་དགུ་པའི་ཟླ་འགོ་རུ་ལྷོ་ཕྱོགས་མོམ་སྦའེ་གྲོང་ཁྱེར་གྱི་ལི་ལ་ལྦ་ཏི་སྨན་ཁང་དུ་ཉིན་གྲངས་བཞིའི་རིང་བརྟག་དཔྱད་གནང་སྟེ་སྨན་པས་གནས་སྐབས་སྐུ་ངལ་གསོ་དགོས་པའི་སློབ་སྟོན་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་མཛད་འཆར་ཕྱིར་འཐེན་གནང་ཡོད་ཀྱང་བཞུགས་སྒར་རྡ་རམ་ས་ལར་ཐའེ་ལྦན་དང་སིང་ག་པུའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་རྣམས་ལ་དེ་སྔའི་མཛད་འཆར་ལྟར་གསུང་ཆོས་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད། ཕྱི་ཟླ་བཅུ་པའི་ཚེས་དྲུག་ཉིན་བཞུགས་སྒར་ནས་ལྡི་ལིའི་རྒྱ་གར་གྱི་གཞུང་གི་ཤྲི་གང་ག་རམ་ཞེས་པའི་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་ཚེས་བཅུ་ཉིན་གཤག་བཅོས་གནང་སྟེ་སྟབས་བདེ་པོའི་ངང་མཁྲིས་རྡོ་བཏོན་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་རོའུ་ཀྲར་གསར་སྤེལ་ཁང་ལ་༸གོང་ས་མཆོག་མཁྲིས་རྡོ་གཤག་བཅོས་ལམ་ལྷོང་བྱུང་གནང་ཏེ་སྨན་ཁད་དུ་བཞུགས་བཞག་ཁ་ཤས་རིང་སྐུ་ངལ་གནང་ཏེ་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་དང༌ཕྱི་ཟླ་བཅུ་གཅིག་པའི་ཟླ་འགོར་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཁག་འཆར་གཞིར་བཞིན་བསྐྱངས་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུང་བཞག

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

ཕྱི་རྒྱལ་བས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ།

༸གོང་ས་མཆོག་དང་ཅེཀ་རྒྱལ་ཁབ་ཀྱི་སྲིད་བློན་མཇལ་འཕྲད།

༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་རྒྱུན་ལས་ཚོཌ་འདུ།

ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།

རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།

བོད་དོན་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་དཔྱད་གཏམ།

བོད་ནང་གི་གནས་སྟངས།

བུད་མེད་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org