ཉི་ཧོང་ནང་བཅའ་སྡོད་འབར་མའི་མི་སེར་གྱིས་ཟས་བཅད་ངོ་རྒོལ།

2008-09-09

ཉི་ཧོང་ནང་བཅའ་སྡོད་འབར་མའི་མི་སེར་ཡིན་པ་མི་གྲངས་ལྔ་བཅུ་སྐོར་ཞིག་ལྕམ་སུ་ཅི་མཆོག་ལ་རྒྱབ་སྐྱོར་མཚོན་ཆེད་ཟས་བཅད་ངོ་རྒོལ་གནང་བ།

༄༅༎ཉི་ཧོང་ནང་བཅའ་སྡོད་འབར་མའི་མི་སེར་ཡིན་པ་མི་གྲངས་ལྔ་བཅུ་སྐོར་ཞིག་ནས་ འབར་མའི་དྲག་པོའི་གཞུང་གིས་བཟང་བཙོན་འོག་བཞག་པ་ཡུལ་དེའི་མང་གཙོའི་ལས་འགུལ་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་ལ་རྒྱབ་སྐྱོར་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག།

འབར་མའི་དྲག་པོའི་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་ན་ཡང་ གཟའ་འཁོར་སྔོན་མའི་ནང་འབར་མའི་མང་གཙོ་ཚོགས་པས་ ལྕམ་ཨང་སང་སུ་ཅི་མཆོག་ནས་གཟའ་འཁོར་གསུམ་ཙམ་རིང་འབར་མའི་དྲག་པོའི་གཞུང་གིས་ཕུལ་བའི་ཞལ་ལག་དང་ལེན་གནང་མེད་པ་གསལ་བསྒྲགས་བྱས་ཡོད་པ་རེད་

གཟའ་ཟླ་བའི་ཉིན་ཉི་ཧོང་གི་གྲོང་ཁྱེར་ཊོཀ་ཀྱིའི་མཐོ་རིམ་གཙུག་ལམ་སློབ་གཉེར་ཁང་གི་ཕྱི་ཕྱོགས་སུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཨོ་ནི་ཀུན་ལིན་གྱིས་ ང་ཚོས་ཉི་ཧོང་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ལྕམ་ཨང་སང་སུ་ཅིའི་སྐུ་གཟུགས་ཀྱི་གནས་བབ་ཐད་ཞིབ་འཇུག་གནང་དགོས་རྒྱུའི་རེ་འདུན་བྱེད་ཀྱི་ཡོད་ཅེས་དང་ ང་ཚོའི་ངོས་ནས་ལྕམ་ཨང་སང་སུ་ཅིའི་སྐུ་གཟུགས་ཀྱི་གནས་བབ་ཇི་ཡིན་གསལ་རྟོགས་མ་ཐུབ་བར་ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་མཚམས་འཇོག་བྱ་རྒྱུ་མིན་ཞེས་བརྗོད་འདུག

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདིའི་ནང་ཚོུད་ ༧༢ རེས་མོས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག

འབར་མའི་མང་གཙོ་ཚོགས་པས་ ལྕམ་ཨང་སང་སུ་ཅི་མཆོག་ནས་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་གསལ་པོ་བརྗོད་མེད་ན་ཡང་ ཁོང་གིས་ འབར་མའི་དྲག་པོའི་གཞུང་གིས་ཁོང་གི་ཐོག་ཉེས་མེད་བཙོན་འཇུག་གི་བྱ་སྤྱོད་སྤེལ་བཞིན་པར་ངོ་རྒོལ་མཚོན་ཆེད་ དྲག་པོའི་གཞུང་གིས་ཕུལ་བའི་ཞལ་ལག་ལ་དང་ལེན་གནང་གི་མེད་པ་བརྗོད་པ་དང་ ལྕམ་ཨང་སང་སུ་ཅི་མཆོག་ལ་འབར་མའི་དྲག་པོའི་གཞུང་གིས་ཕུལ་བའི་ཞལ་སག་ལས་དེ་མིན་གྱི་ཞལ་ལག་ཡོང་ཁུངས་གང་ཡང་མེད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org