ཧོང་ཀོང་གི་སྲང་ལམ་ཁག་ཏུ་མི་དམངས་ཁྲི་འཚོ་འགའ་ཤས་ཀྱིས་དམངས་གཙོར་རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་འདུག
༄༅༎ཧོང་ཀོང་དེ་བཞིན་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་ངོ་བཅུ་གཉིས་འཁོར་གྱི་ཡོད་པའི་སྐབས་དེར་དེ་རིང་གྲོང་ཁྱེར་ཧོང་ཀོང་གི་སྲང་ལམ་ཁག་ཏུ་མི་དམངས་ཁྲི་འཚོ་འགའ་ཤས་ཀྱིས་དམངས་གཙོར་རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་འདུག
ཧོང་ཀོང་གི་དཔལ་འབྱོར་ཉམ་རྒུད་འགྲོ་གི་ཡོད་པར་གཞུང་ཕྱོགས་ཀྱིས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པར་མང་ཚོགས་ཀྱི་འདོད་བློ་མ་འཚིམས་པ་དང་དེ་བཞིན་གྲོང་ཁྱེར་ནང་ལས་མེད་མི་འབོར་མང་དུ་འགྲོ་གི་ཡོད་པ།ཡོངས་ཁྱབ་འོས་བསྡུའི་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད་ལ་འགོར་འགྱང་གཏོང་གི་ཡོད་པ་བཅས་རྒྱུ་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་མི་དམངས་ཁྱོན་འབོར་ཆེན་པོ་དེ་ཙམ་འདུ་འཛོམས་བྱུང་ཡོད་སྐོར་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་གནང་མཁན་ཚོས་འགྲེལ་བརྗོད་གནང་བཞག
བཟོ་པའི་སྡེ་ཚོགས་ཀྱི་འགོ་ཁྲིད་དང་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་གནང་མཁན་ལི་ཁྲུག་དབྱན་གྱིས་ཧོང་ཀོང་ནང་གི་ད་ལོའི་དཀའ་ངལ་དེ་ཚོ་དེ་སྔོན་ཉིས་སྟོང་གསུམ་ལོའི་དཀའ་ངལ་དང་གཅིག་པ་ཡིན་སྐོར་གསུངས་འདུག ཉིས་སྟོང་གསུམ་ལོར་ཧོང་ཀོང་ནང་ད་ལྟའི་སྐབས་ཀྱི་གནས་སྟངས་དང་གཅིག་མཚུངས་ས་གནས་ཀྱི་དཔལ་འབྱོར་ཉམ་རྒུད་ཕྱིན་པ་དང་དེ་སྐབས་ཀྱི་ཧོང་ཀོང་ས་གནས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་བ་ཐང་ཁྲི་ཧཱ་ལ་མང་ཚོགས་ཀྱིས་དགའ་པོ་དེ་ཙམ་མེད་པ།འཆར་འགོད་བྱས་པའི་རྒྱལ་ཡོངས་བདེ་འཇགས་ཁྲིམས་གཞི་དེ་རྩོད་གཞི་ཅན་ཞིག་ཆགས་པ་སོགས་མང་ཚོགས་ཀྱིས་ཧོང་ཀོང་སྲིད་གཞུང་ལ་ཡིད་ཆེས་མེད་པ་ཆགས་ནས་མང་ཚོགས་ཀྱིས་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།
ཉེ་བའི་ཆར་འཛམ་གླིང་གི་དཔལ་འབྱོར་ལ་ཉམ་རྒུད་ཆེན་པོ་ཕྱིན་པའི་གནས་སྟངས་འོག་ཕྱིར་ཚོང་གི་ལས་དོན་རྒྱ་ཆེ་སྤེལ་ཡུལ་དཔལ་འབྱོར་གྱི་ལྟེ་གནས་ཧོང་ཀོང་ནང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་དོན་ཚོགས་པ་ཚོས་གཞུང་ལ་སྐྱོན་བརྗོད་བྱེད་ཡག་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།
རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།
རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།
ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.