རྒྱ་ནག་ནང་འོ་མའི་རིགས་ཀྱི་བཟའ་ཆས་བདེ་འཇགས་ཐོག་ལྟ་ཞིབ་དང་དམ་བསྒྲགས་ཀྱི་སྲིད་ཇུས་གསར་པ་བཏོན་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ།
༄༅༎རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་ནང་འོ་མའི་རིགས་ཀྱི་བཟའ་ཆས་བདེ་འཇགས་ཐོག་ལྟ་ཞིབ་དང་དམ་བསྒྲགས་ཀྱི་སྲིད་ཇུས་གསར་པ་བཏོན་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིང་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་ནང་འོ་མའི་ནང་རྫས་དུག་རིགས་བསྲེས་ནས་ཚོང་འགྱུར་བྱས་སྟེ་ཕྲུ་གུ་ཁྲི་ཕྲག་མང་པོར་མཁལ་མའི་ནད་གཞི་ཕོག་ཡོད་པའི་ཁར་རྒྱ་ནག་ནས་བཟོས་པའི་འོ་མའི་རིགས་ཀྱི་བཟའ་ཆས་མང་ཆེ་བའི་ནང་རྫས་དུག་དེ་རིགས་ཡོད་པར་བརྟེན་ནས་རྒྱ་ནག་རྒྱལ་ནང་དང་ཕྱི་རྒྱལ་ཁག་ནང་ཕྱིར་འདྲེན་བྱས་པའི་འོ་མའི་རིགས་ཡོད་པའི་བཟའ་ཆས་རིགས་ཡོང་རྫོགས་ཁྲོམ་ར་ནས་ཕྱིར་འཐེན་བྱས་ནས་རྒྱ་ནག་ནས་བཟོས་པའི་བཟའ་ཆས་ལ་མི་རྣམས་ཞེད་སྣང་སྐྱེ་ཡས་ཤིག་ཆགས་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་འབྱུང་འགྱུར་རྒྱ་ནག་གི་བཟའ་ཆས་རིགས་དང་ལྷག་པར་དུ་འོ་མའི་རིགས་ཀྱི་བཟའ་ཆས་ཀྱི་སྤུས་ཚད་ཚད་ལྡན་ཡོང་རྒྱུར་དམིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འོ་མའི་རིགས་ཀྱི་བཟའ་ཆས་ཀྱི་བདེ་འཇགས་ལ་ལྟ་ཞིབ་དང་དོ་དམ་ཞེས་པའི་སྲིད་ཇུས་གསར་པ་བཏོན་ཡོད་ཅིང་དེའི་ནང་སེམས་ཅན་གྱི་ལུས་ནས་འོ་མ་འཇོ་སྐབས་དང་དེ་བཞིན་འོ་མ་གསོས་པ་དང་འོ་རྩམ་རིགས་དེ་མིན་འོ་མས་བཟོས་པའི་བྱི་རིལ་སོགས་པའི་བཟའ་ཆས་རིགས་ཡོངས་རྫོགས་ཀྱི་སྤུས་ཚད་ལ་ཚད་ལྡན་གྱིས་བརྟག་དཔྱད་ཞིབ་ཚགས་བྱ་རྒྱུ་ཡིན་པ་དང་ལྷག་པར་དུ་སྲིད་ཇུས་གསར་པ་དེའི་ནང་འོ་མའི་རིགས་ནང་མིའི་གཟུགས་གཞིར་གནོད་པའི་རྫས་དུག་སོགས་ཀྱི་རིགས་བསྲེས་ཡོད་མེད་བརྟག་དཔྱད་ཞིབ་ཚགས་བྱ་དགོས་པ་དང་གལ་སྲིད་གནས་ཚུལ་དེ་རིགས་ཡོད་ཚེ་ཁྲིམས་ལུགས་བཞིན་ཐག་གཅོད་ནན་པོ་བྱ་རྒྱུ་སོགས་ཀྱི་དོན་ཚད་འཁོད་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།
རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་དམ་བསྒྲགས་བྱེད་བཞིན།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།