༸གོང་ས་མཆོག་གི་དགོངས་གཞིར་བསྔགས་བརྗོད་ཀྱི་དཔྱད་རྩོམ།

2009-07-02

༸གོང་ས་མཆོག་གིས་དམངས་གཙོའི་ལམ་སྲོལ་སྲ་བརྟན་དགོལ་གལ་ཆེ་བའི་བཀའ་སློབ་ཀྱི་སྙིང་དོན་ནི་དེང་དུས་དང་མཚུངས་པའི་དགོངས་གཞི་རེད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་དུས་སྐབས་དང་མཐུན་པའི་དམངས་གཙོའི་བཅོས་བསྒྱུར་གྱི་དགོངས་གཞི་ཟབ་མོ་བཞེས་ཕྱོགས་སྐོར་ནིའུ་ཛི་ལེན་དྲི་ཧེ་རལ་དྲི་གསར་ཤོག་ཐོག་བསྔགས་བརྗོད་ཀྱི་དཔྱད་གཏམ་སྤེལ་འདུག

དེ་ཡང་གོང་གསལ་གསར་ཤོག་ཐོག་གསར་འགོད་པ་ག་ལྦེན་ཌ་ཡར་ཞུ་བས་དཔྱད་གཏམ་སྤེལ་བའི་ནང་ཏཱ་ལའི་བླ་མ་མཆོག་གིས་དམངས་གཙོའི་ལམ་སྲོལ་ཐོག་ནས་མི་མང་གི་ཐད་ཀར་འོས་འདེམས་བྱེད་པའི་ཆབ་སྲིད་ལམ་སྲོལ་བསྐྲུན་ཐབས་གནང་གི་ཡོད་པ་དང་དེ་ནི་ཕྱོགས་གཅིག་ནས་བོད་མིའི་སྤྱི་ཚོགས་ནང་ཚད་ལྡན་དམངས་གཙོའི་ལམ་སྲོལ་དར་སྤེལ་འབྱུང་ཐབས་དང་ཆབས་ཅིག་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་དབྱེ་འབྱེད་གནང་ཐབས་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག དམིགས་ཀར་གོང་གསལ་གསར་འགོད་པའི་དཔྱད་གཞིའི་ནང་༸གོང་ས་ཏཱ་ལའི་བླ་མས་བོད་ཀྱི་སྲོལ་རྒྱུན་ནང་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་སྲིད་དབྱེ་འབྱེད་གནང་རྒྱུའི་དགོངས་གཞི་དེ་བཞིན་མ་འོངས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ནང་རྒྱ་ནག་གཞུང་གིས་ཐེ་གཏོགས་གང་ཉུང་འབྱུང་ཐབས་ཀྱི་མཛད་བྱུས་ཡིན་པ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་དེ་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་ངོས་འཛིན་ཞུ་དགོས་ལུགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྔ་རྗེས་བཀའ་སློབ་ལན་མང་གནང་ཡོད་པ་དང་གནད་དོན་དེ་དག་ནན་བཤད་ཀྱི་དོན་དུ་སྔ་ལོ་བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་སྐབས་སླར་ཡང་ནན་ཏན་བཀའ་སློབ་སྩལ་ཡོད་པ་རེད། གསར་འགོད་པ་གེ་ལྦེན་ཌ་ཡར་ཡིས་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་སྲོལ་ཐོག་ནས་མི་མང་གི་ཐད་ཀར་འོས་འདེམས་བྱེད་པའི་ཆབ་སྲིད་ལམ་སྲོལ་དགོས་གལ་ཆེ་བའི་སྐོར་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་གནང་མཛད་པའི་ནང་དོན་ལུང་འདྲེན་བྱས་འདུག བརྙན་འཕྲིན་དེའི་ནང་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་འཁྲིད་དེ་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་སྐོར་ནན་བརྗོད་གནང་བ་མ་ཟད་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་བརྒྱུད་འཛིན་བྱེད་མིན་ཡང་རྒྱ་ཆེའི་བོད་མི་མང་གི་འདོད་པ་དང་ཐག་གཅོད་བྱེད་དགོས་པའི་བཀའ་སློབ་སྔ་རྗེས་ཕེབས་པ་སོགས་མདོ་དོན་བོད་མིའི་ཆོས་དང་རིག་གཞུང་མི་ཉམ་རྒྱུད་འཛིན་དང་ཉམ་པ་སླར་གསོའི་ལས་དོན་ཆེད་དམངས་གཙོའི་ལམ་སྲོལ་སྲ་བརྟན་དགོལ་གལ་ཆེ་བའི་བཀའ་སློབ་ཀྱི་སྙིང་དོན་ནི་དེང་དུས་དང་མཚུངས་པའི་དགོངས་གཞི་ཟབ་མོ་ཡིན་སྐོར་བསྔགས་བརྗོད་ཞུས་འདུག།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org