སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་རིགས་ཚོ་དང་འབྲེལ་མཐུད་ཟབ་ཏུ་གཏོང་གནང་ཡོད་འདུག
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་ལྟར་གནང་སྲོལ་ཡོད་པའི་བདེན་པའི་སྒྲོན་མེའི་བྱ་དགའ་དེ་བཞིན་རྒྱ་རིགས་གསུམ་བརྒྱ་ལྷག་ཙམ་ནས་སྔ་ལོ་རྒྱ་ནག་གཞུང་ལ་བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་གནད་དོན་ཐོག་ས་རྟགས་བཀོད་ནས་ཞུ་སྙན་ཕུལ་མཁན་ཚོར་ཐུན་མོང་ལ་གསོལ་སྩལ་གནང་ཡོད་པ་རེད།
མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྦང་ལི་ཤུན་གྱི་མཛད་རྗེས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག་བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་ནས་རྒྱ་རིགས་མང་གཙོ་དང་རང་དབང་དོན་གཉེར་བ་བོད་པའི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ནུབ་ཕྱོགས་པའི་ལྟ་བ་འཛིན་ནས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་གྱི་ཤོག་ཁག་ཟེར་ཉེས་བཙུགས་བྱེད་ཀྱི་ཡོད་རེད། དེ་ནི་ནོར་འཁྲུལ་རེད། ངའི་ངོས་ནས་ཁོང་ཚོ་ནི་བོད་པར་ཞེན་ཁོག་བྱས་ནས་རྒྱབ་སྐྱོར་བྱས་པ་མ་ཡིན་པར་འཚེ་མེད་ཞི་བའི་ལམ་ནས་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་ལྟར་ཡིན་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས་རྒྱ་རིགས་རྒྱབ་སྐྱོར་བྱེད་མཁན་ཚོས་བོད་མིའི་འཐབ་རྩོད་དེ་བཞིན་ད་བར་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་སྤེལ་གྱི་ཡོད་པར་བརྟེན་ཡིན་པ་ལས་གལ་སྲིད་ང་ཚོས་འཚེ་བའི་ལམ་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་པ་ཡིན་ན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་དག་གིས་ཀྱང་རྒྱབ་སྐྱོར་ཕྱིར་འཐེན་བྱེད་ཀྱི་རེད། དེ་འདྲ་ཡིན་དུས་རྒྱ་རིགས་ཚོས་བློ་ཁོག་ཆེན་པོའི་ཐོག་ནས་བོད་པའི་བདེན་པའི་འཐབ་རྩོད་ལ་སྙིང་སྟོབས་ཆེན་པོའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།
རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།
ཁྲིམས་དཔོན་དམ་པ་སོ་ནྰ་ལི་སྦན་རྡིའི་དྲན་རྟེན།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།
རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།
ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།