སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཧྭ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཧྭ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག
བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་སྟབས་སྟུན་གྱིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཧྭ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཞུ་མུས་ལྟར་འདི་ལོ་ཡང་བོད་ཟླ་ལྔ་པའི་ཚེས་དྲུག་ནས་ཚེས་བཅུ་བར་ཉིན་གྲངས་ལྔའི་རིང་༸རྒྱལ་བའི་སྐུ་ཕྱ་དང་བོད་དོན་བདེན་མཐའ་སེལ་ཐབས་སུ་དམིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་ཞལ་ཕྱེ་ཐོག་རྣམ་རྒྱལ་གྲ་ཚང་གི་མཁན་རིན་པོ་ཆེ་དང་སྔགས་འཆང་འོད་ཟེར་རྡོ་རྗེ་རྣམ་གཉིས་དབུ་བཞུགས་ཐོག་ནས་རྣམ་གྲ་འདུས་ཚོགས་དང་ཀི་རྟི་བྱེས་པ་གྲ་ཚང་སོགས་བཞུགས་སྒར་ཁུལ་དུ་གནས་པའི་རིས་མེད་ཆོས་སྡེ་ཁག་དགེ་བཙུན་སྔགས་གསུམ་དེ་བཞིན་ས་གནས་མི་མང་བཅས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མ་ཧྭ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུས་ཡོད་ཅིང་ཉིན་གྲངས་ལྔའི་རིང་བོད་གཞུང་ཆོས་རིག་ལས་ཁུངས་ནས་དགེ་བཙུན་དང་མང་ཚོགས་ལ་བསྙེན་བཀུར་དང་སྐུ་འགྱེད་ཕུལ་ཡོད་པ་རེད། འབུམ་ཚོགས་ཀྱི་ཉིན་མཐའ་མའི་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ཆུ་ཚོད་དྲུག་པ་ཡོལ་ཙམ་བར་སྨོན་ལམ་འདོན་སྐུལ་གནང་ཏེ་ཚོགས་མགོན་དུ་སྐུ་བཞུགས་གནང་ཡོད་པ་དང་དེ་བཞིན་བཙན་བྱོལ་བོད་གཞུང་གིས་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེའི་ཁག་གི་མི་སྣ་བཅས་ཆེད་ཕེབས་གནང་ཡོད་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ར་ཤིའི་དད་ལྡན་ཆོས་ཞུ་བ་ཚོར་བཀའ་ཆོས།
༸གོང་ས་མཆོག་ནས་ར་ཤིའི་དད་ལྡན་བ་ཚོར་བཀའ་ཆོས།
༸གོང་ས་མཆོག་ལ་སྐུ་མགྲོན་གྱི་མཐུན་འགྱུར་ཕུལ་བར་དགའ་བསུ།
༸གོང་ས་མཆོག་གི་རྟ་ལྦང་ཁུལ་གྱི་ཆིབས་བསྒྱུར།
༸གོང་ས་མཆོག་ནས་གྷན་རྡིའི་རྗེས་འབྲང་པ་ཚོར་བསྔཊ་བརྗོད།
རང་ཡུལ་ལ་རྒྱང་གཟིགས་གནང་བ་ཡིན་ནམ།
༸གོང་ས་མཆོག་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་བཀའ་གནང་འདུག
བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་སྐོར།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.