བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ན་གཞོན་ལ་ཟབ་སྦྱོང༌།

2009-07-01

བཞུགས་སྒར་དུ་རྟེན་གཞི་གནང་བའི་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཕྲུག་ན་གཞོན་རྣམས་ལ་ཟླ་བ་གཉིས་རིང་ཟབ་སྦྱོང་གནང་འདུག

༄༅༎ཕྱི་ལོ་ཉིས་སྟོང་དགུའི་ཕྱི་ཟླ་ལྔ་པའི་ཚེས་གཅིག་ནས་ཕྱི་ཟླ་དྲུག་པའི་ཚེས་སུམ་བཅུ་བར་ཟླ་བ་གཉིས་རིང་བཞུགས་སྒར་དུ་རྟེན་གཞི་གནང་བའི་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཕྲུག་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིགས།ལོ་རྒྱུས།རིག་གཞུང༌།ནང་ཆོས་བཅས་ཀྱི་ཟབ་སྦྱོང་གནང་འདུག

བོད་ཀྱི་དཔེ་མཛོད་ཁང་གིས་བོད་གཞུང་མང་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱིར་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ནམས་ཞིབ་སྡེ་ཚན་གྱིས་རྒྱ་གར་གྱི་མཐོ་སློབ་ཁག་ནས་སྦི་ཨེ་དང་སྦི་ཀོམ།སྦི་ཨེ་སི་གང་རུང་ཐོབ་པའི་བོད་པའི་ན་གཞོན་དང་དེ་མཚུངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོངས་གཏོགས་འབྲས་ལྗོངས་དང་འབྲུག་བཅས་ཀྱི་ན་གཞོན་རྣམས་ལ་བོད་ཀྱི་དཔེ་མཛོད་ཁང་ནས་ཞུ་སྙན་ཕུལ་དགོས་སྐོར་གསལ་བསྒྲགས་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གནང་ཡོད་པ་ལྟར་ཟླ་བ་གཉིས་རིང་གི་ཟབ་སྦྱོང་དེ་དག་དེ་རིང་མཇུག་སྒྲིལ་གནང་བཞག

ཟབ་སྦྱོང་ནང་ཞུགས་མཁན་བོད་རིགས་ན་གཞོན་ཚོར་ལོ་རྒྱུས་ཀྱི་སློབ་དཔོན་དབང་འདུས་ལགས་དང་བློ་བཟང་ཤསྟི་ལགས།སྐད་ཡིག་གི་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་ལགས་དང་ནང་ཆོས་སློབ་སྟོན་པ་དགེ་བཤེས་བློ་བཟང་བཙོན་འགྲུས་ལགས་བཅས་ཀྱིས་ཟླ་བ་གཉིས་རིང་སློབ་ཁྲིད་གནང་ཡོད་ཅིང་དེ་རིང་ཟབ་སྦྱོང་གི་ཉིན་མཐའ་མ་དེར་བཙན་བྱོལ་བོད་གཞུང་ཕྱི་སྲིད་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སློབ་ཁྲིད་ཁང་དུ་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་སྐད་ཡིག་དང་ནང་ཆོས།རིག་གནས།ལོ་རྒྱུས་བཅས་ཀྱི་སློབ་དཔོན་རྣམ་པ་ཚོས་གསུང་བཤད་གནང་ཡོད་པ་དང་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་སློབ་ཕྲུག་ཚོར་ཕྱག་འཁྱེར་དང་མཇལ་དར་གནང་རྗེས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉར་ཚགས་གནང་གལ་ཆེ་བའི་གལ་ཆེའི་ལམ་སྟོན་གནང་འདུག།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org