༄༅། བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་ཚོཌ་གཙོ་ཟུར་པ་དང་ད་ལྟའི་ལས་ཐོག་སྤྱི་འཐུས་པདྨ་འབྱུང་གནས་ལཌ་ཀྱིས་སྣེ་འཁྲིད་གནང་སྟེ། ཨ་རུ་ན་ཅལ་མངའ་སྡེའི་ནང་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་དེ་བཞིན་ཁ་སང་ཕྱི་ཚེས་༢༢ཉིན་རྒྱལ་ས་ཨི་ཀྲ་ན་སྒར་ལ་གསར་འགོད་ལྷན་ཚོཌ་ཤིག་གནང་སྟེ་རེ་ཞིག་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་འདུག རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་གཉིས་པ་སྤེལ་བཞིན་པའི་སྤྱི་འཐུས་པདྨ་འབྱུང་གནས་ལཌ་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལཌ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལཌ་བཅས་ཀྱིས་འདི་ཟླའི་ཚེས་༢༠ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Nabam Tuku་མཆོག་གི་གཟིམ་ཤག་ལ་བཅར་ནས་མཇལ་འཕྲད་ཞུས་སྐབས། ཁོང་གིས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་བོད་ནི་མངའ་སྡེ་དེའི་སྤྱི་ཚོཌ་དང་རིག་གཞུང་གང་ཅིའི་ཐད་ནས་འབྲེལ་བ་ཤུཌ་ཆེ་ཡོད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུཌ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་སྲུང་སྐྱོབ་གནང་བར་བསྔགས་བརྗོད་ཆེན་པོ་གནང་བས་མ་ཟད། རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་འབོད་པ་དེ་བཞིན་དོན་དངོས་སུ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཡིན་སྐོར་སོཌ་གསུངས་འདུག བོད་མི་མང་སྤྱི་འཐུས་གསུམ་གྱིས་ད་རེས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་གཉིས་པ་དེ། འབྲས་ལྗོངས་ནས་དབུ་འཛུཌ་གནང་སྟེ། ཨ་སམ། ཨ་རུ་ན་ཅལ་མངའ་སྡེ་བཅས་ནང་གི་ལས་འགུལ་ལེཌ་གྲུབ་ཟིན་ནས་ཞུ་གཏུག་མཐའ་མ་དེ་མངའ་སྡེ་མེ་གྷ་ལ་ཡ་ལའི་ནང་གནང་འཆར་ཡོད་པའི་གནས་ཚུལ་འདུག།
