མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སུའུ་ཆི་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ།
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ ཨིབ་ར་ཧིམ་ གེམ་སྦ་རི་ ཡིས་དེ་རིང་རེས་གཟའ་ལྷག་པའི་ཉིན་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད་ཅེས་འབར་མའི་མང་གཙོ་ཚོགས་པའི་ཚོགས་མི་ཞིག་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་བརྗོད་འདུག
འབར་མའི་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ ནིཡེན་ལྦིན་ ཡིས་རྒྱལ་ཚོགས་ཀྱི་སྐུ་ཚབ་གེམ་སྦ་རིས་ མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་དང་མཇལ་ཕྲད་གནང་རྒྱུ་ཐུགས་གཏན་འཁེལ་བའི་སྐོར་ཏག་ཏག་གསུངས་ཐུབ་ཀྱི་མེད་ཀྱང་ མང་གཙོ་ཚོགས་པའི་དབུ་ཁྲིད་གཞན་ཁག་དང་ཐུགས་འཕྲད་གནང་རྒྱུ་ཡིན་པ་ནི་ཁུངས་ལྡན་ཡིན་པ་གསལ་སྟོན་གནང་ཡོད་པ་རེད་ སྐུ་ཞབས་གེམ་སྦ་རི་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་འབར་མའི་ནང་ཕེབས་ཡོད་ཅིང་ཁོང་ད་རེས་དེ་གར་ཕེབས་དགོས་པའི་སྐུ་དོན་གཙོ་བོ་དེ་ད་བར་བཟང་བཙོན་འོག་ཏུ་བཞུགས་བཞིན་པའི་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་དང་འབར་མའི་དྲག་པོའི་སྲིད་གཞུང་བར་གྲོས་མོལ་བསྐྱར་གསོ་གནང་རྒྱུ་དེ་ཡིན་པ་རེད་
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
བལ་ཡུལ་མའོ་ཤོག་ཁའི་དམག་ཁོངས་སུ་ཡོད་པའི་ཕྲུ་གུའི་སྐོར།
རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་ལ་རྒྱ་ནག་གིས་ངོས་ལེན་བྱས་མེད་པ།
རྒྱ་ནག་གཞུང་གིས་བོད་མིར་དགོས་ངེས་མཐུན་རྐྱེན་སྐྲུན་དགོས་པ།
བལ་ཡུལ་གཞུང་གིས་དོ་དམ་འོག་ཡོད་པའི་ལོ་ཆུང་བུ་ཕྲུག།
ཐའེ་ལྦན་སྲིད་འཛིན་ཟུར་པས་བསྐྱར་དུ་ཟས་བཅད་འགོ་འཛུགས།
འབར་མའི་གནད་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་བློ་འཚབ།
རྒྱ་གཞུང་ནས་བོད་ནང་དྲག་གནོན་ཇི་བྱས་ཞིབ་ཕྲ་ཤོད་དགོས།
འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲི་བར་རྒྱ་ནག་གཡོལ་ཐབས།