རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་དམག་དོན་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཉུང་དུ་གཏོང་རྒྱུའི་ཐག་གཅོད་བྱས་ལུགས་བརྗོད་ཡོད་པ་རེད་
༄༅༎ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་དེང་དུས་ཅན་གྱི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་ངོ་རྒོལ་མཚོན་ཆེད་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་དམག་དོན་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཉུང་དུ་གཏོང་རྒྱུའི་ཐག་གཅོད་བྱས་ལུགས་གཟའ་མིག་དམར་ཉིན་བརྗོད་ཡོད་པ་རེད་
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་པའི་ལས་དོན་འདི་དག་ནི་མཚོ་སྒག་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བ་དང་ཐའེ་ལྦན་མཚོ་སྒག་གི་ནང་ཞི་བདེ་མེད་པ་བཟོ་མཁན་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་རེད་ཅེས་དང་ཨ་མི་རི་ཀའི་ཐག་གཅོད་དེས་རྒྱ་ནག་དང་ཨ་མི་རི་ཀའི་དམག་གྱི་འབྲེལ་ལམ་བཟང་པོ་དེའི་ཁོར་ཡུག་ཛོར་པོ་བཟོས་པ་མ་ཟད་རྒྱ་ནག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ཁེ་ཕན་ལ་ཡང་དོ་ཕོག་ཆེན་པོ་བཏང་ཡོད་པ་རེད་ཅེས་བརྗོད་འདུག
ད་དུང་ཆིང་ཀང་གིས་ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་དེས་རྒྱ་ནག་དང་ཨ་མི་རི་ཀའི་དབར་སྔོན་འཆར་གཏན་འབེབས་བྱས་པའི་དམག་དོན་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུར་དོ་ཕོག་བཏང་ཡོད་པ་བརྗོད་ཡོད་ཀྱང་དེ་སྔོན་གྱི་འཆར་གཞི་ཇི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ངོ་སྤྲོད་བྱས་མེད་པ་རེད་ གཟའ་པ་སངས་ཉིན་ཨ་མི་རི་ཀའི་དམག་དོན་ལྷན་ཁང་གིས་ཨ་མི་རི་ཀའི་གྲོས་ཚོགས་ལ་ལྷན་ཁང་དེའི་ངོས་ནས་ཐའེ་ལྦན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཀའི་ཚོད་རྩིས་མ་གནས་ཡོད་པའི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་ཡིན་སྐོར་སྙན་སེང་ཞུས་ཡོད་པ་དང་ཚོང་བསྒྱུར་བྱ་རྒྱུའི་ལག་ཆའི་ཁོངས་སུ་པེ་ཏྲིཡོཏ་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འགོག་སྲུང་གི་འཕྲུལ་ལས་དང་ཨ་པ་ཆི་ཐད་འཕུར་གནམ་གྲུ་དེ་བཞིན་མེ་ཤུགས་འཕུར་མདེལ་འགོག་སྲུང་གི་འཕྲུལ་ལས་ལྡན་པའི་ཆུ་འོག་གྲུ་གཟིངས་སོགས་ཡོད་པ་རེད་ ཨ་མི་རི་ཀའི་དམག་དོན་ལྷན་ཁང་ནས་གསུངས་པར་གཞིགས་ན་རྒྱ་ནག་གི་ངོས་ནས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟེན་མིན་མ་བལྟོས་པར་ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་ལ་འགྱུར་བ་གང་ཡང་མེད་པ་དང་དེ་ཡང་ཨ་མི་རི་ཀའི་ཐའེ་ལྦན་དང་འབྲེལ་ལམ་གྱི་ཁྲིམས་ཡིག་ནང་དོན་བཞིན་ཐའེ་ལྦན་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་དགོས་ཀྱི་ཡོད་པ་ལུང་འདྲེན་གནང་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ལྷན་བོད་སྐོར་བཀའ་མོལ་གནང་རྒྱུ།
༸སྐུའི་སྐུ་ཚབ་དང་འབྲེལ་མོལ་སྒོ་ཕྱེས་ཡོད་ལུགས་བསྐྱར་བཤད།
བོད་ལ་རང་བཙན་མ་ཡིན་པའི་དེ་མིན་གང་ཡིན་གླེང་ཆོག་སྐོར།
འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གོ་གནས་ཕབ་པ།
བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང༌།
མདོ་སྨད་ཁུལ་དུ་བོད་མི་ཞིག་གར་སོང་ཆ་མེད་དུ་གྱུར་བ།
དམིཌ་བསལ་ཚོཌ་ཆེན་དང་འབྲེལ་བའི་བཀའ་ཁྲིའི་གསུང་གླེང༌།
བོད་མིའི་བེུད་ལས་བྱེད་ཅིག་ལ་ལོ་ལྔའི་བཙོན་འཇུག་ཐག་གཅོད།