བྱང་ཀོ་རི་ཡའི་གནད་དོན་གྲོས་མོལ་གནང་བར་ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་ཞིག་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཏུ་ཕེབས་ཐོན་གནང་གི་ཡོད་པ།
༄༅༎ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དེར་ཉེས་ཆད་ཇི་ལྟར་གཏོང་ཕྱོགས་གྲོས་མོལ་གནང་བར་ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་ཞིག་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཏུ་ཕེབས་ཐོན་གནང་གི་ཡོད་པའི་སྐོར་དེ་རིང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ནས་གསུངས་ན་བྱང་ཀོ་རི་ཡའི་ཐོག་ཉེས་ཆད་ལག་ལེན་བསྟར་ཕྱོགས་ཐད་ལ་ཐུགས་འགན་བཞེས་མཁན་སྐུ་ཞབས་ཕི་ལིབ་གོ་ཌེ་སྦག་ད་རེས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཀྱི་ཡོད་པར་བརྟེན་ནས་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཁོང་གི་ལྷན་དུ་འཚམས་འདྲིའི་གནད་དོན་ཐོག་བཀའ་བསྡུར་གནང་ཡོད་པ་དང་གཞུང་ཚབ་པ་སྐུ་ཞབས་ཕི་ལིབ་གོལ་ཌི་སྦག་དེ་རིང་རྒྱ་ནག་ཏུ་ཕེབས་ཐོན་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱོགས་ནས་གསུངས་ན་འདས་པའི་དུས་ཚོད་ནང་རྒྱ་ནག་གི་མཐུན་ཕྱོགས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དང་གོ་མཚོན་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཐོག་ལ་རྒྱ་ནག་ཕྱོགས་ནས་ཉེས་ཆད་གཏོང་རྒྱུར་སེམས་ཤུགས་ཀྱི་འདེངས་ཀྱི་མེད་པའི་སྐྱོན་བརྗོད་བྱས་པ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་བྱང་ཀོ་རི་ཡའི་ཕྱོགས་ནས་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་ལྔ་ཉིན་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པའི་བྱ་སྤྱོད་དེ་དག་གི་ཐོག་ནས་ཕྱིས་འབྱུང་བྱང་ཀོ་རི་ཡའི་ནས་ཕར་ཚུར་འགྲོ་འོང་བྱེད་ཡུལ་གྱི་མཁའ་ལམ་དང་མཚོ་ཐོག་གྲུ་གཟིངས་ཁག་ལ་རྟོག་ཞིབ་བྱེད་དགོས་པ་དང་གྲུ་གཟིངས་ནང་གོ་མཚོན་འོར་འདྲེན་བཀག་འགོག་བྱ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ།
བོད་ནང་ཞི་རྒོལ་སྐབས་མེ་མདའ་ཕོག་པའི་གནས་ཚུལ་ངོ་སྤྲོད།
ཨ་མི་རི་ཀ་ཕྱོགས་ནས་༸གོང་ས་མཆོག་ལ་རྒྱབ་སྐྱོར།
རྒྱ་ནག་དང་ཨ་རིའི་འབྲེལ་བར་ལེའུ་གསར་པ་ཞིག་འབྱེད་པའི་རེ་བ།
ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ།
རྒྱ་ནག་ཏུ་ཕག་པའི་རིམས་ནད་ཀྱིས་མི་བཅུ་གཉིས་ཤི་བ།
ཨ་མི་རི་ཀའི་དམག་སྒར་ཞིག་ནང་མི་གསོད་ཀྱི་དོན་རྐྱེན།
རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུས་པ།