ཨ་རིའི་དཔོན་རིགས་ནས་འབར་མའི་ལྕམ་སུ་ཀི་དང་མཇལ་འཕྲད།

2009-11-04

ཨ་རིའི་དཔོན་རིགས་གཉིས་དང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨན་སན་སུ་ཅིའི་མཇལ་འཕྲད་དེ་རྒྱལ་ས་རྙིང་པར་གནང་འདུག

༄༅༎ཨ་མི་རི་ཀའི་གཞུང་གི་ལྷོ་ཤར་ཨེ་ཤེ་ཡའི་ལས་དོན་འགན་འཛིན་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ཀཏ་ཁེམ་སྦེལ་དང་ཁོང་གི་ཕྱག་རོགས་སི་ཀོཏ་མའར་སིཡེལ་གཉིས་འབར་མའི་ནང་གཟིགས་བསྐོར་གནང་བར་ཕེབས་ཡོད་ཅིང་འབར་མའི་དྲག་པོའི་གཞུང་གིས་བཟང་བཙོན་འོག་དམ་བསྒྲགས་བྱེད་བཞིན་པའི་ཡུལ་གྱི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨན་སན་སུ་ཅི་ལ་ཨ་རིའི་དཔོན་རིགས་གཉིས་དང་མཇལ་འཕྲད་གནང་རྒྱུའི་ཆོག་མཆན་གནང་ཡོད་པ་དང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨན་སན་སུ་ཅི་དང་ཨ་རིའི་དཔོན་རིགས་ཀྱི་དབར་མཇལ་འཕྲད་དེ་རྒྱལ་ས་རྙིང་པ་ཡང་ཡོན་གྱི་མགྲོན་ཁང་ཆེན་པོ་ཞིག་ནང་གནང་ཡོད་འདུག

གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ཨ་རིའི་ཆེས་མཐོའི་དཔོན་རིགས་གཉིས་ནས་ཡུལ་གྱི་དྲག་པོའི་གཞུང་གི་སྲིད་བློན་ཐིའེན་སེན་ལྷན་དུའང་མཇལ་འཕྲད་ཀྱིས་གྲོས་མོལ་གནང་ཡོད་པ་དང་ཨ་རིའི་དཔོན་རིགས་ཀྱི་གཟིགས་བསྐོར་དེ་ཕྱི་ལོ་༡༩༩༥ལོར་སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་མེ་ཌི་ལིན་ཨོལ་སྦ་རའེཏ་གི་གཟིགས་བསྐོར་གྱི་རྗེས་ཨ་རིའི་གཞུང་གི་དཔོན་རིགས་འབར་མའི་ནང་གཟིགས་བསྐོར་ཕེབས་པ་ད་རེས་དང་པོ་ཆགས་ཀྱི་ཡོད་འདུག

དེ་ནི་ཨ་རིའི་གཞུ་ངགིས་འབར་མའི་དྲག་པོའི་གཞུང་དང་འབྲེལ་ལམ་སྐྱོང་ཕྱོགས་ཀྱི་སྲིད་བྱུས་ལ་རྨང་གཞིའི་འགྱུར་བ་ཞིག་འགྲོ་གི་ཡོད་པའི་མཚོན་དོན་ཞིག་ཡིན་པ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨི་ཡེན་ཀེ་ལི་ཡིས་ཨ་རིའི་གཞུང་གི་དཔོན་རིགས་གཉིས་ཀྱི་གཟིགས་བསྐོར་དེ་འབར་མའི་དྲག་པོའི་གཞུང་གི་ལྷན་འབྲེལ་ལམ་འགོ་བཙུགས་ཀྱི་གོམ་བགྲོད་གཉིས་པ་དེ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད་

ལྕམ་ཨན་སན་སུ་ཅི་མཆོག་ནས་ཨ་རིའི་དཔོན་རིགས་ཀྱི་ལྷན་མཇལ་འཕྲད་གྲོས་མོལ་གྱི་རྗེས་ཕྱི་ནང་གསར་འགོད་པར་དམིགས་བསལ་བཀའ་མོལ་གང་ཡང་གསུངས་མེད་པ་དང་ཡིན་ནའི་ཁོང་གི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་མགྲིན་ཚབ་པས་ཨ་རིའི་དཔོན་རིགས་ཀྱི་གཟིགས་བསྐོར་དེ་ཨ་རི་དང་འབར་མའི་དྲག་པོའི་གཞུང་གི་དབར་ཐད་ཀར་འབྲེལ་ལམ་འགོ་བཙུགས་ཀྱི་མཚོན་དོན་ཞིག་ཡིན་པ་དང་ཡིན་ནའི་ཕྱོགས་འགལ་དམངས་གཙོ་ཚོགས་པར་ཡུལ་ནང་གནས་སྟངས་ལ་འགྱུར་བ་ཆེན་པོ་དེ་འདྲ་ཡོང་གི་ཡོད་པའི་རེ་བ་དམིགས་བསལ་དེ་འདྲ་གང་ཡང་མེད་ཅེས་གསུངས་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།

བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།

ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་བློན་མཇལ་འཛོམས།

ཨ་མི་རི་ཀའི་སྲིད་འཛིན་ལྷོ་ཀོ་རི་ཡར་ཕེབས་འབྱོར་གནང་ཡོད་པ།

ཨ་རི་དང་རྒྱ་ནག་སྲིད་འཛིན་རྣམ་གཉིས་ཀྱི་གྲོས་མོལ།

༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར།

༸གོང་ས་མཆོག་ནས་རྒྱ་ནག་མཉམ་གྲོས་མོལ་བསྐྱར་གསོ་གྲ་སྒྲིག


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org