ཨ་རིའི་དམིགས་བསལ་སྐུ་ཚབ་མཆོག་བྱ་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་བསྐྲུན་ལས་འཆར་མཚམས་འཇོག་གི་གནད་དོན་ཐོག་གྲོས་མོལ་གནང་བ།
༄༅༎བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་བསྐྲུན་ལས་འཆར་མཚམས་འཇོག་གནད་དོན་ཐོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཁིརི་སི་ཊོ་ཕར་ཧིལ་མཆོག་དུས་ཡུན་ཉིན་གྲངས་གསུམ་རིང་བྱ་ཀོ་རི་ཡའི་ནང་ཕེབས་ནས་ཡུལ་དེའི་རྡུལ་ཕྲན་གོ་མཚོན་བཟོ་བསྐྲུན་ལས་འཆར་མཚམས་འཇོག་གི་གནད་དོན་ཐོག་གྲོས་མོལ་གནང་བའི་རྗེས་དེ་རིང་གཟའ་པ་སངས་ཉིན་བྱང་ཀོ་རི་ཡ་ནས་ལྷོ་ཀོ་རི་ཡའི་ནང་ཕྱིར་ལོག་ཕེབས་ཡོད་པ་དང༌། ཡིན་ནའི་ལྷོ་ཀོ་རི་ཡའི་ནང་ཕེབས་པའི་སྐབས་གསར་འགོད་པ་ཚོར་བཀའ་མོལ་གང་ཡང་གནང་མེད་ཅིང༌། ཨ་རིའི་དམིགས་བསལ་སྐུ་ཚབ་བྱང་ཀོ་རི་ཡའི་ནང་ཕེབས་ནས་བྱང་ཀོ་རི་ཡའི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་ཡུལ་དེའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་འཆར་ཐོག་བཞག་པའི་གྲོས་མཐུན་མུ་མཐུད་ནས་ལག་བསྟར་བྱེད་མིན་གྱི་གནད་དོན་ཐོག་གྲོས་འཆམ་བྱུང་ཡོད་མེད་གནས་ཚུལ་གསལ་པོ་མེད་པ་དང༌། ཡིན་ནའི་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསུང་ན། ད་ཆ་ང་ཚོས་ཕྱོགས་གཉིས་དབར་གྱི་གྲོས་མོལ་དེ་གང་འདྲ་ཞིག་ཏུ་བསྐྱོད་མིན་དེ་བཞིན་བྱང་ཀོ་རི་ཡར་ར་ལུས་ཡོད་པ་གསུང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་འཆར་མཚམས་འཇོག་གནད་དོན་ཐོག་གི་ཉི་ཧོང་གི་དམིགས་བསལ་སྐུ་ཚབ་ཨ་ཀི་ཊ་ཀ་ས་ཨི་ཀི་ཡང་གཟའ་པ་སངས་ཉིན་ཉི་ཧོང་ནས་ལྷོ་ཀོ་རི་ཡའི་ནང་ཕེབས་འབྱོར་གནང་ནས་ ཨ་རི་དང་དེ་བཞིན་ལྷོ་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་དབར་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་གྱི་གནད་དོན་ཐོག་ཕན་ཚུན་བཀའ་བསྡུར་གནང་རྒྱུ་ཡིན་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཨ་རིའི་སྲིད་འཛིན་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ལ་མཉམ་ཞུགས།
ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ལྷན་བོད་སྐོར་བཀའ་མོལ་གནང་རྒྱུ།
རྒྱ་ནག་གི་སྲིད་འཛིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཏུ་འཚམས་འདྲི།
རྒྱ་མི་ཞིག་ནས་ཨ་རིའི་མེ་ཤུགས་འཕུར་མདའི་ལག་རྩལ་ཕྱིར་ཚོང་།
དཔལ་འབྱོར་གྱི་དམིགས་བསལ་ཚོགས་འདུ།
ཨ་རིའི་སྲིད་འཛིན་ནས་ད་ལྟའི་སྲིད་ཇུས་ཁག་ལ་བསྒྱུར་བཅོས།
ཀོ་ལོམ་སྦི་ཡ་ནང་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་འགྲེམས་སྟོན།
ཧུའུ་ཇིན་ཏའོས་ཨ་རིའི་སྲིད་འཛིན་གསར་པར་ཞལ་དཔར་ཕུལ་བ།