འབར་མའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་དྲང་བདེན་ཅན་ཞིག་འབྱུང་ཐབས་ཆེད་དུ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་གནོན་ཤུགས་སྤྲོད་དགོས།
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རིང་མིན་སིང་ག་པུར་དུ་ཆིབས་བསྒྱུར་གནང་རྒྱུའི་སྐབས་དང་བསྟུན་ཏེ་འབར་མའི་དྲག་པོའི་དབུ་ཁྲིད་ལྷན་དུ་ཆེས་མཐོའི་ལྷན་མཇལ་གནང་རྒྱུའི་སྔ་རོལ་དེར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་ལོ་རྗེས་མའི་ནང་གོ་སྒྲིག་གནང་གཏན་འཁེལ་བའི་འབར་མའི་ནང་གི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་རང་དབང་ཅན་གྱི་ཁོར་ཡུག་འོག་དྲང་བདེན་ཅན་ཞིག་འབྱུང་ཐབས་ཆེད་དུ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་མ་ཟད་རྒྱ་ནག་དང་རྒྱ་གར་སོགས་ཀྱིས་འབར་མའི་དྲག་པོའི་གཞུང་གི་ཐོག་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཕྱག་ལེན་བསྟར་དགོས་ཀྱི་རེད་ཅེས་དེ་རིང་སྐུལ་མ་གནང་ཡོད་པ་རེད། འབར་མའི་དྲག་པོའི་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་རང་དབང་དང་དྲང་བདེན་ཡིད་ཆེས་འཕེར་ངེས་བཞིན་པ་ཞིག་གོ་སྒྲིག་ཞུ་ཕྱིར་ད་ལྟ་ནས་གྲ་སྒྲིག་འཐུས་གཙང་བྱ་ཐབས་སླད་དུ་རྒྱ་གར་དང་རྒྱ་ནག ཐའེ་ལེན་ཌི་སོགས་ཀྱིས་འབར་མའི་འགོ་ཁྲིད་ཚོར་ཨུ་ཚུགས་ངང་བཟང་ཕྱོགས་ཀྱི་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཡོག་རེད་ཅེས་ཀྱང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསལ་བཤད་གནང་ཡོད་པ་རེད། འབར་མའི་དྲག་པོའི་གཞུང་གི་འགོ་ཁྲིད་ཚོས་ལོ་རྗེས་མའི་ནང་གྲོས་ཚོགས་ཀྱི་འཐུས་མིའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་གཏན་འབེབས་བྱས་ཀྱང་འོས་བསྡུ་དེ་ནི་དྲག་པོའི་གཞུང་དེ་ཁྲིམས་མཐུན་ཅན་དུ་བསྒྱུར་ཐབས་ཀྱི་རྫུན་མ་རེད་ཅེས་འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་ངོས་ལེན་མ་གནང་བ་མ་ཟད་ཁོང་གིས་དབུ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འོས་བསྡུ་དེའི་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ཨ་རིས་རྒྱ་གར་ལ་དྲི་རྩད་བྱ་ཆོག་པའི་ཆོག་མཆན་སྤྲད་པ།
ཨ་རིས་མ་འོངས་ཐའེ་ལྦན་ལ་གོ་མཚོན་སྔར་བས་མང་བ་ཚོང་འགྱུར།
རྒྱ་གར་དུ་བཅའ་སྡོད་འབར་མའི་གཞུང་ཚབ་མདུན་ངོ་རྒོལ།
དབྱི་རག་གི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་སྐོར།
རྒྱ་གཞུང་ནས་ཕ་ལུང་ཀུང་ལ་དྲག་གནོན་མཚམས་འཇོག་དགོས།
ཉི་ཧོང་དུ་ཡོད་པའི་ཨ་རིའི་དམག་སྒར་མུ་མཐུད་འཇོག་དགོས།
༢༠༠༩ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།