རྒྱ་ནག་ནང་རེག་དུག་ནད་ཁྱབ་གདལ་འགྲོ་བའི་ཉེན་ཁ།

2009-11-03

རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་ཆེ་རུ་འགྲོ་བའི་མཉམ་དུ་རེག་དུག་ན་ཚ་ཁྱབ་གདལ་ཆེ་རུ་འགྲོ་གི་ཡོད་པའི་ཉེན་བརྡ་བཏང་བ།

༄༅༎དེ་རིང་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་ཁང་གིས་འདོན་སྤེལ་གནང་བའི་དུས་དེབ་ནང་དུ་དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་ཆེ་རུ་འགྲོ་བའི་མཉམ་དུ་རེག་དུག་ན་ཚ་ཁྱབ་གདལ་ཆེ་རུ་འགྲོ་གི་ཡོད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་དབུས་གཞུང་གི་ནད་རིགས་སྔོན་འགོག་ལས་ཁང་གི་མཐོ་རིམ་དཔོན་རིགས་ཤང་ཧྲེང་ཁྲེན་གྱིས་བཤད་པའི་གནས་ཚུལ་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་དུས་དེབ་ཐོག་ལུང་འདྲེན་གནང་བའི་ནང་དེ་སྔ་ཕྱི་ལོ་༡༩༦༠རེ་གྲངས་ནང་རྒྱ་ནག་ནང་དུ་ཕོ་མོའི་འབྲེལ་བའི་ཐོག་ནས་འགོས་ཁྱབ་འགྲོ་བའི་བསེ་མོག་གམ་རེག་དུག་གི་ན་ཚ་སྐབས་ཤིག་རིང་མེད་པ་གྱུར་བ་དེ་ཕྱི་ལོ་༡༩༨༠རྒྱ་གྲངས་ནས་རྒྱ་ནག་ནང་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་ཀྱི་སྒོ་མོ་ཕྱེས་པ་ནས་བཟུང་གང་བྱུང་དུ་ཕོ་མོའི་འབྲེལ་བ་བྱས་ཏེ་འགོས་ཁྱབ་བྱུང་བའི་རེག་དུག་ན་ཚ་དེ་བསྐྱར་ཏུ་འགོས་ཁྱབ་འཕེལ་ཆེ་རུ་ཕྱིན་ཏེ་གྲོང་གསེབ་ས་ཁུལ་ནས་གྲོང་ཁྱེར་ནང་དུ་འཕྲལ་སེལ་ལས་ཀ་བྱེད་དུ་ཡོང་བའི་ལས་བཟོ་བ་ཚོའི་ནང་དུ་ཁྱབ་འཕེལ་ཤུགས་ཆེན་པོ་འགྲོ་གི་ཡོད་པ་དང་དེ་ཡང་བསེ་མོག་གི་ན་ཚ་དེ་འགོས་ཁྱབ་འགྲོ་ཡུལ་མང་ཤོས་ནི་དཔལ་འབྱོར་གྱི་འཕེལ་རྒྱས་གང་དུ་ཤུགས་ཆེ་བ་དང་དཔལ་འབྱོར་འཕེལ་རྒྱས་ཆ་མ་མཉམ་པའི་ས་ཁུལ་དུ་ཡོང་བ་ཡིན་ཞིང་དཔེར་ན་རྒྱ་ནག་རྒྱལ་ཡོངས་ནང་ནས་རྒྱ་ནག་གི་ལྷོ་ཕྱོགས་དང་ཤར་ཕྱོགས་མཚོ་ཁའི་ས་ཁུལ་ནང་ན་ཚ་དེ་ཁྱབ་ཆེ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད། ད་དུང་རྒྱ་ནག་ནང་དུ་ཕོ་མོའི་འབྲེལ་བའི་ཐོག་ནས་འགོས་ཁྱབ་འགྲོ་བའི་ནད་རིགས་སྔོན་འགོག་ལས་ཁང་གི་འགན་འཛིན་གཞོན་པས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བསེ་མོག་གི་ན་ཚ་འགོས་ཁྱབ་བྱུང་བའི་ནད་པ་འབུམ་གསུམ་ཙམ་བྱུང་ཡོད་པའི་གཞུང་འབྲེལ་གྱི་བསྡོམས་རྩིས་བཏོན་པ་དང་དེ་ནི་ཕྱི་ལོ་ཉིས་སྟོང་བཞི་ལོར་འགོས་ཁྱབ་བྱུང་བའི་ནད་པའི་གྲངས་འབོར་གྱི་ལྡབས་གསུམ་གྱིས་མང་དུ་ཕྱིན་ཡོད་པ་དང་ལོ་རེར་ཆ་སྙོམས་ཀྱིས་རྒྱ་ནག་རྒྱལ་ཡོངས་སུ་བསེ་མོག་གི་ན་ཚ་ལོ་རེ་བཞིན་བརྒྱ་ཆ་སུམ་ཅུས་མང་དུ་འགྲོ་གི་ཡོད་པའི་སྐོར་བཤད་ཡོད་པ་རེད། གང་ལྟར་རྒྱ་ནག་ནང་བསེ་མོག་གམ་རེག་དུག་གི་ན་ཚ་དེ་ནི་གྲོང་གསེབ་ས་ཁུལ་ནས་གྲོང་ཁྱེར་ནང་དུ་འཕྲལ་སེལ་འཚོ་ཐབས་འཚོལ་དུ་ཡོང་བའི་མི་དམངས་ཚོར་བདེ་ཐང་ལ་ཉེན་ཁ་ཆེ་བ་ཡོད་པ་དང་དེའི་ནང་ནས་གྲོང་གསེབ་པ་གང་ཞིག་གིས་བཟའ་ཟླ་གྲོང་གསེབ་དུ་བཞག་ཏེ་གྲོང་ཁྱེར་ནང་དུ་སྨད་ཚོང་མ་དང་གང་བྱུང་གིས་འབྲེལ་བ་བྱེད་མཁན་གྱི་ནང་དུ་ན་ཚ་དེ་འགོས་ཁྱབ་ཆེ་བ་ཡོད་ཅིང་ཡིན་ནའང་རྒྱ་ནག་ནང་དུ་གང་བྱུང་དུ་ཕོ་མོའི་འབྲེལ་བའི་ཐོག་ནས་འགོས་ཁྱབ་འགྲོ་བའི་ཨེ་ཛི་ན་ཚ་དང་བསེ་མོག་གཉིས་འགོས་ཁྱབ་ཕྱིན་པའི་ནད་པའི་གྲངས་འབོར་ཇི་ཙམ་ཡོད་མེད་ཀྱི་བསྡོམས་རྩིས་བཏོན་མེད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

རྒྱ་ནག་ནང་རྡོ་སོལ་བསྡོཌ་འདོན་གྱི་ས་སྦུག་ནང་མེ་ཤོར་གྱི་རྐྱེན་ངན།

ཨོ་བཱ་མའི་རྒྱ་ནག་འཚམས་གཟིགས།

མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།

རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།

བོད་ཀྱི་གནད་དོན་ཐད་བཀའ་མོལ།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།

ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།

ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org