ཐའེ་ལྦན་དུ་བཅའ་ཞུགས་ཨ་རིའི་གཞུང་ཚབ་གསར་བསྐོ།

2009-07-02

སྐུ་ཞབས་སི་ཀྲེན་ཊོན་ཐའེ་ལྦན་ནང་ཨ་རིའི་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་སྟེ་གཞུང་ཚབ་ལྟ་བུའི་འགན་འཁུར་བཞེས་རྒྱུ།

༄༅༎ཐའེ་ལྦན་ནང་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་བ་གསར་པ་བསྐོ་བཞག་གནང་ཡོད་པ་རེད།

ཐའེ་ལྦན་ནང་ཨ་མི་རི་ཀའི་གཞུང་འབྲེལ་གྱི་ཐོག་ནས་གཞུང་ཚབ་ངོ་མ་མེད་ནའང་རྒྱལ་ས་ཐའེ་པེ་རུ་རྟེན་གཞི་བྱས་པའི་ཨ་རི་ལྟེ་གནས་ཞེས་པ་དེས་ཨ་རིའི་གཞུང་ཚབ་དང་ཁྱད་མེད་ཀྱི་ལས་དོན་གྲུབ་ཀྱི་ཡོད་པ་རེད།

ལྟེ་གནས་ཁང་དེས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལྦི་ལིཡེམ་སི་ཀྲེན་ཊོན་ཞུ་བས་དེ་སྔ་ལྷོ་ཀོ་རི་ཡའི་ནང་ཨ་མི་རི་ཀའི་གཞུང་ཚབ་སྐུ་གཞོན་གནང་མྱོང་མཁན་དེ་ཐའེ་ལྦན་ནང་ཨ་རིའི་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་སྟེ་གཞུང་ཚབ་ལྟ་བུའི་འགན་འཁུར་བཞེས་རྒྱུ་ཡིན་པར་ངོ་སྤྲོད་བྱས་འདུག གནས་ཚུལ་ནང་བཀོད་པར་གཞིགས་ན་སྐུ་ཞབས་ལྦི་ལི་ཡེམ་སི་ཀྲེན་ཊོན་ཐའེ་ལྦན་ནང་ཨ་རིའི་གཞུང་ཚབ་ཏུ་གསར་དུ་བསྐོ་བཞག་གནང་བ་དེས་ད་ལྟའི་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇའུ་ཡི་སྲིད་གཞུང་དང་ཨ་རི་གཉིས་དབར་འབྲེལ་ལམ་ཡར་རྒྱས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་རེད། སྲིད་འཛིན་ཟུར་པ་ཁྲེན་ཧྲོ་པེན་གྱི་སྲིད་གཞུང་སྐབས་ཐའེ་ལྦན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཚུལ་ཤུགས་ཆེ་འདིན་པའི་སྲིད་ཇུས་དང་དེ་བཞིན་ཐའེ་ལྦན་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་བཞུགས་བྱེད་དགོས་མིན་སོགས་ཀྱི་སྐོར་མང་ཚོགས་ཁྲོད་བསམ་ཤོག་འདུ་ལེན་གྱི་ལས་དོན་ལ་སོགས་པའི་རྙོག་གླེང་གི་གནད་དོན་ཇེ་མང་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཕྱོགས་དང་འབྲེལ་ལམ་ཉམ་ཆགས་སུ་སོང་ཡོད་པ་རེད། ད་ལྟའི་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇའུ་ཡིས་སྲིད་འཛིན་གྱི་འགན་འཁུར་བཞེས་པ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་མཐུན་འབྲེལ་གྱི་སྲིད་བྱུས་བཟུང་ཏེ་མཚོ་གླིང་དེའི་ནང་རྙོག་གླེང་གི་གནད་དོན་ཉུང་རུ་སོང་ཡོད་པ་དང་དེས་ཤུགས་མ་ཐུབ་ཀྱིས་ཐའེ་ལྦན་དང་ཨ་རི་གཉིས་ཀྱི་འབྲེལ་བའི་ཐད་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ལུགས་གནས་ཚུལ་ནང་བཀོད་འདུག།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

ཨོ་སྦ་མས་བོད་དོན་ལ་ཐུཌ་འཁུར་ཆུང་དྲག་གི་ཡོད་པ་དེ་འདྲ་མིན།

རི་ཆ་དྲི་གིཡར་གྱིས་དཔལ་འབྱོར་བསྡུ་རུབ་ཐོག་གསུངས་བཤད།

རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིའི་ནང་རྒྱལ་དོན་གཟིགས་བསྐོར།

ཨོ་བཱ་མའི་རྒྱ་ནག་འཚམས་གཟིགས།

རྒྱ་གར་སྲིད་བློན་གྱིས་བོད་དོན་སྐོར་གླེང་སློང་གནང་སྲིད་པ།

ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ནས་ཐེ་ལྦན་ལ་རྒྱབ་སྐྱོར།

ཨ་རིའི་ཆེད་ལས་མི་སྣའི་ཚོཌ་ཆུང་ཞིག་བྱང་ཀོ་རི་ཡ་ནང་ཕེབས་པ།

བོད་ཀྱི་གནད་དོན་ཐད་བཀའ་མོལ།

བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org