0:00 / 0:00
༄༅༎བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེའི་ཡུལ་མི་རྣམས་ལ་གོད་ཆག་ཚབས་ཆེན་ཕོག་པ་རྣམས་ལ་རྒྱ་ནག་གཞུང་གིས་རོགས་སྐྱོར་རྒྱ་ཆེ་བྱེད་བཞིན་ཡོད་སྐོར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲི་བསྒྲགས་བྱེད་བཞིན་ཡོད་ཀྱང་གོད་ཆག་ཕོག་པའི་བོད་མི་རྣམས་ལ་རོགས་སྐྱོར་ཚད་ལྡན་བྱེད་ཀྱི་མེད་པའི་སྐོར་ས་གནས་སུ་དྭང་བླངས་ཞབས་ཞུར་ཕེབས་པའི་བོད་མི་ཞིག་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ལགས་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་གསན་རོགས༎
