གོམ་བགྲོད་མུ་མཐུད་པ།

བོེད་བར་གྱི་གོམ་བགྲོད་ལས་འགུལ་བ་རྣམས་སྦེ་རི་ནག་ནས་པནྕ་ཤུ་ལི་རི་བརྒྱུད་ཁུལ་དུ་ལས་འགུལ་སྤེལ་བཞིན་པ།

0:00 / 0:00

སྒྲ་ལྡན་གསར་འགྱུར།

༄༅༎བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་ལྔའི་གོ་སྒྲོག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐབས་ཉེ་ཆར་ཚོགས་པ་ལྔའི་ཚོགས་གཙོ་རྣམས་དང་གོམ་བགྲོད་པ་ཉིས་བརྒྱ་དྲུག་བཅུ་ལྷག་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་རྗེས་གློད་བགྲོལ་ཐོབ་ནས་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་ད་ལྟའི་གནས་སྟངས་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུ་དྲུང་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌༎