ཨ་རིའི་གྲོས་ཚོཊ་གོང་འོག་གི་འཐུས་མིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ།

ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་གནང་བ་ཁག་ངོ་སྤྲོད་གནང་སོང།

བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་རྗེས་དྲན་གྱི་སྲུང་བརྩི་ཞུ་སྐབས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་རྗེས་དྲན་གྱི་སྲུང་བརྩི་ཞུ་སྐབས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་རྗེས་དྲན་གྱི་སྲུང་བརྩི་ཞུ་སྐབས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་གནང་བ་ཁག་ངོ་སྤྲོད་གནང་སོང།

རྒྱ་ནག་གཞུང་ཚབ་མདུན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཕྲེད་དར་འཕྱར་བ།
ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན། ༢༠༢༦།༣།༡༠ རྒྱ་ནག་གཞུང་ཚབ་མདུན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཕྲེད་དར་འཕྱར་བ། (RFA Tibetan)

དེ་ཡང་ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུས་དྲན་སྲུང་བརྩི་དང་ངོ་རྒོལ་སྐད་འབོད་ཀྱི་་ལས་འགུལ་སྤེལ་ཡོད་ཅིང་། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ནས་གསུང་འཕྲིན་གནང་བ་ཁག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཁག་ཅིག་ནས་ངོ་སྤྲོད་གནང་པའི་ཁོངས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ཡི་གསུང་འཕྲིན་ནང་ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྐབས་འདིར། ང་ཚོས་སླར་ཡང་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དྲག་གནོན་དང་རིག་གཞུང་རྩ་མེད་བཟོ་བའི་བྱ་སྤྱོད་དེར་ཁྲིམས་མཐུན་གྱི་ངོས་འཛིན་ནམ་ཡང་བྱེད་མི་རུང་། བོད་མིའི་ཆོས་དང་སྐད་ཡིག རིག་གཞུང་བཅས་པར་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། གཞན་གྱིས་ཐེ་ཇུས་མེད་པར་རང་ཉིད་ཀྱི་མ་འོངས་པར་རང་གིས་ཐག་གཅོད་བྱེད་པའི་ཐོབ་ཐང་ལྡན་ཡོད། ང་ཚོས་མུ་མཐུད་བདེན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐད་སྒྲ་བཏོན་རྒྱུ་ཡིན་ཞེས་བཀོད་འདུག

བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ།
ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། (RFA Tibetan)

ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ཇེཕ་ མར་ཀི་ལི་ཡིས་གསུང་འཕྲིན་ནང་བཀོད་གནང་པར།

བོད་མི་ཚོས་ལོ་ངོ་ ༦༠ ཅུ་ལྷག་རིང་རྒྱ་ནག་གཞུང་གི་བཙན་གནོན་འོག་རང་གི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་པ་ཞི་བའི་ཐོག་ནས་སྲུང་སྐྱོབ་བྱས་ཡོད། བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྐབས་འདིར། ང་ཚོས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་བསྐྱར་ནན་བྱེད་ཀྱི་ཡོད།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་ཞིག་གི་ངོས་ནས། ངས་འཛམ་གླིང་ཡོངས་ཀྱི་བོད་མི་ཚོ་དང་མཉམ་དུ་ལངས་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་འབུལ་གྱི་ཡོད། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་ཨ་རིའི་རིན་ཐང་གི་སྙིང་པོ་ཡིན་ཞེས་འདུག

བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ།
ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། (RFA Tibetan)

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ཇེམས་ མེཀ་གྷ་ཝན་ནས་གསུང་འཕྲིན་ནང་བཀོད་གནང་བར།

ལོ་ངོ་ ༦༧ ནི་དུས་ཚོད་ཧ་ཅང་རིང་པོ་ཞིག་རེད་ལ། བོད་པའི་མི་རབས་མང་པོ་བཙན་བྱོལ་དུ་འཚར་ལོངས་བྱུང་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བཟོད་བསྲན་དང་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གལ་ཆེན་ཁག་ཅིག་གཏན་ལ་ཕབ་ཡོད་པའི་ནང་། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་བཤད་སྲོལ་དེ་ཨ་རིས་ནམ་ཡང་ངོས་ལེན་བྱེད་མྱོང་མེད་པ་གསལ་པོ་བཟོས་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་གི་དབང་ཆ་༸གོང་ས་མཆོག་ཉིད་དང་བོད་མི་མང་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་པའི་ཐོབ་ཐང་ནམ་ཡང་མེད་ཅེས་འདུག

བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ།
གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་གྱི་གསུང་འཕྲིན། བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། (RFA Tibetan)

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ཇོ་ ཝིལ་སོན་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་ནང་བཀོད་གནང་བར། ༡༩༥༩ ལོའི་གསུམ་བཅུའི་དུས་དྲན་འདི་ནི་བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་ལ་ངོ་རྒོལ་དང་། རང་གི་རང་དབང་དང་ཆོས་ལུགས། ངོ་བོ་བཅས་ཀྱི་ཆེད་དུ་དཔའ་ངར་ཞུམ་མེད་ངང་སྒེར་ལངས་བྱས་པའི་ཉིན་མོ་ཞིག་རེད། ལོ་ངོ་ ༦༧ ཕྱིན་ཡང་བོད་དོན་སེལ་ཐུབ་མེད། རྒྱ་ནག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་པ་ནི་རྫུན་གཏམ་ཡིན་ལ། རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་བཟོ་བའི་བྱ་སྤྱོད་ཟེར་བ་སྤེལ་བཞིན་ཡོད། བཙན་གནོན་དེ་འདྲའི་འོག་ལའང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིས་བཙན་བྱོལ་ནང་གསོན་ཤུགས་ལྡན་པའི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་ཡོད། ཨ་རིའི་གཞུང་གིས་ནམ་ཡང་བོད་མིའི་ཐོབ་ཐང་དང་ཆོས་རིག་ལ་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་ཡོད་ཅེས་བཀོད་འདུག

ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་བོད་མིའི་གསུམ་བཅུའི་སྒེར་ལངས་དུས་དྲན་སྲུང་བརྩིའི་སྐབས་རྒྱ་ནག་གཞོན་ནུའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིས་ངོ་བཅར་ཞུས། ༢༠༢༦།༣།༡༠
གསུམ་བཅུའི་དུས་དྲན་སར་རྒྱ་རིཊ་བོད་དོན་རྒྱབ་སྐྱོར་བ། ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་བོད་མིའི་གསུམ་བཅུའི་སྒེར་ལངས་དུས་དྲན་སྲུང་བརྩིའི་སྐབས་རྒྱ་ནག་གཞོན་ནུའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིས་ངོ་བཅར་ཞུས། (RFA Tibetan)

གཞན་ཡང་ཨ་རིའི་རྒྱལ་སར་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་ཞུས་པའི་སྐབས་སུ་ཧོང་ཀོང་གི་རང་དབང་འཐབ་རྩོད་གནང་མཁན་དང་རྒྱ་ནག་གཞོན་ནུའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཞོན་སྐྱེས་མཉམ་ཞུགས་གནང་འདུག་ལ། ཇིན་ཇར་ཞུ་བ་ཞིག་གིས་གསུངས་པར།

ང་ཚོས་ཞི་བའི་ཐོག་ནས་རྒྱ་མི་དེ་བས་མང་བ་ཁྲིད་དེ་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོང་བའི་སྐུལ་མ་དང་། བོད་ལ་དོན་ངོ་མའི་རྒྱུས་ལོན་ཐུབ་པ་དང་བོད་རྒྱའི་འགལ་རྐྱེན་སེལ་ཐུབ་པ། བོད་མིར་རོགས་རམ་བྱས་པ་སོགས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ།
ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན། བོད་མིའི་གསུམ་བཅུའི་དུས་དྲན་ལ་ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་པ། (RFA Tibetan)

ཡང་ཨ་རིའི་རྒྱལ་སའི་ཁུལ་གྱི་གཟའ་མཇུག་སློབ་ཡིག་སློབ་གྲྭའི་སློབ་མ་གཉིས་ཀྱིས་གཏམ་བཤད་སྤེལ་བ་དང་། ང་ཚོ་རང་དབང་གི་ལུང་པའི་ནང་བཙན་བྱོལ་པའི་མིང་ཐོག་ནས་འཚོ་གནས་བྱེད་བཞིན་ཡོད་རུང་། རང་དབང་འདི་བེད་སྤྱད་དེ་བོད་ནང་གི་བོད་མིའི་ཆེད་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་སྣང་ས་ལགས་ཀྱིས་གསུངས་སོང་ལ། ཟླ་མཛེས་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་འདི་བཙན་བཟུང་བྱས་ཡོད་པས་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་རེད། བོད་ནང་བོད་མིར་རང་དབང་མེད་པས་ང་ཚོ་ཨ་རིའི་ནང་རང་དབང་ཡོད་ལ། ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ང་ཚོའི་ལས་འགན་རེད་ཅེས་གསུངས་བྱུང་།

ད་རེས་ཝི་ཇི་ཎི་ཡ་མངའ་སྡེའི་ཤཱ་ལོ་སི་ཝིལ་ནས་བོད་མི་མཉམ་ཞུགས་གནང་མཁན་གྲས་ནས་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་ཕར་བཞག སོ་སོའི་ཁྱིམ་ཚང་ནང་དུ་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་པའི་རང་དབང་མེད་པ་ཆགས་ཟིན་པས་ང་ཚོ་ཕྱི་ཕྱོགས་ལ་ཡོད་པའི་བོད་མིས་སྣང་མེད་དུ་བཞག་ན་མ་འགྲིག་པ་མཐོང་གི་འདུག དེར་བརྟེན་ད་རིང་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ཞེས་གསུངས་བྱུང་།

ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་དྲུང་ཆེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་མུ་མཐུད་མི་རབས་གསར་པ་ཚོས་རྒྱུན་འཁྱོངས་ངང་ངོ་རྒོལ་སྐད་འབོད་བྱས་ཏེ་ང་ཚོའི་རང་བཙན་ལེན་རྒྱུ་དང་། ང་ཚོ་འདིར་གསོན་པར་གནས་པ། ང་ཚོའི་མི་རབས་གསར་པ་རྣམས་དེ་བས་སེམས་ཤུགས་ལྡན་པ་དང་༧གོང་ས་མཆོག་གི་དབུ་ཁྲིད་འོག་རྡོག་རྩ་ཆིག་སྒྲིལ་ཐོག་བོད་ཀྱི་རང་དབང་རྩོད་ལེན་བྱ་རྒྱུ་ཡིན་ཟེར་སྟོན་པའི་ཆེད་དུ་རྒྱ་ནག་གཞུང་ཚབ་ཁང་མདུན་སླེབས་ཡོད་ཅེས་གསུངས་བྱུང་།

ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་ནས་མུ་མཐུད་གོམ་བགྲོད་ཐོག་རྒྱལ་སའི་ཁྲོམ་ལམ་ཁག་བརྒྱུད་ཕེབས་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་འདི་མཇུག་བསྒྲིལ་གནང་སོང་།།

པར་ལེན་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།