ཆོས་ཚོགས་ཐེངས་༡༤པའི་ཐོག་བཞག་པའི་གྲོས་ཆོད་ཀྱི་གནད་དོན་དང་གྲུབ་འབྲས།
2019.12.03
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༤ པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་གྲོས་ཆོད་བཞག་པའི་གནད་དོན་དང་། དེ་བཞིན་གྲོས་གཞི་ཁག་ཅིག་གི་གྲུབ་དོན་སྐོར་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་། འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་བཅས་དང་ལྷན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།