རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་འདི་བཞིན་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་ཚོགས་ཏེ་རྒྱལ་ཁབ་ ༡༦ ནས་ཚོགས་བཅར་བ་གཞོན་སྐྱེས་ ༡༠༠ ཙམ་ཞིག་ཕེབས་ཡོད་པ་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་གྲོས་བསྡུར་དང་། བགྲོ་གླེང་སྦྱང་བཤད་གནང་སྟེ་མཐའ་མ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་བོད་འདི་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་བསྒྲགས་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་ཚོགས་འདུའི་ཐོག་ཚོགས་ཞུགས་པ་ཨའོསི་ཊརེ་ལི་ཡ་ནས་བློ་བཟང་སྒྲོལ་མ་ལགས་དང་། ཡོ་རོབ་ཨའོསི་ཊརིཡཱ་ནས་ལྷ་ས་བ་ཟླ་འོད་ལགས་དང་ལྷན་ཚོགས་འདུ་དང་འབྲེལ་བའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།