པནཆ་མརཱི་གཏན་སློབ་ཀྱི་དྲན་གསོ།

2023.04.15
པནཆ་མརཱི་གཏན་སློབ་ཀྱི་དྲན་གསོ།
ནོར་བུ་བསམ་འཕེལ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཕྱི་ལོ་ ༡༩༦༣།༦༤ ལོར་རྒྱ་གར་དབུས་མདྷཡཱ་པྲདྷེཤ་ (Madhya Pradesh) གྱི་པནཆ་མརཱི་ (CST Panchmarhi) སློབ་གྲྭར་ཐོག་མར་འཛུལ་ཞུགས་གནང་མཁན་ཨ་རིའི་ཤི་ཁ་གྷོ་ནང་གནས་བཞུགས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ནོར་བུ་བསམ་འཕེལ་ལགས་སུ།  སློབ་གྲྭ་དེར་ཐོག་མར་འཛུལ་ཞུགས་སྐབས་སུ་སློབ་གྲྭ་དང་སློབ་ཕྲུག་གི་གནས་སྟངས།  སློབ་གྲྭ་དེ་ནས་ཐོན་པའི་སློབ་ཕྲུག་གི་གནས་བབ་བཅས་ལ་སྐྱར་ཞིབ་ཕྱི་མིག་ལྟ་སླད་བཀའ་དྲི་ཞུས་པར།  ཁོང་གིས་སློབ་གྲྭར་འཛུལ་ཞུགས་བྱེད་པའི་ཨང་གྲངས་ ༧༣ ཡིན་པ་དང་སྔ་མོའི་སློབ་སྤྱི་དང་དགེ་རྒན་རྣམས་ནི་སློབ་ཕྲུག་གི་མི་ཚེའི་ནང་བཟང་པོའི་བག་ཆགས་མང་པོ་འཇོག་གནང་མཛད་མཁན་ཤིན་ཏུ་བཀའ་དྲིན་ཅན་མང་པོ་ཡོད་པ་དྲན་གསོ་གནང་གི་འདུག  གཤམ་ལ་འདི་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎