སྤྲུལ་སྐུ་དང་བཀྲིས་སྐྱིད་ཆེད་མཆོད་འབུལ།
2015.09.01

འོད་ཟེར།
༄༅། །བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་ཞེ་དགུ་དང་ཉེ་ཆར་རང་ལུས་མེར་སྲེག་གནང་མཁན་བཀྲ་ཤིས་སྐྱིད་གཉིས་ཀྱི་ཆེད་དུ་ལྡི་ལིར་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།
༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་ཞེ་དགུ་དང་བསྟུན་ནས་ཁེ་ཎ་ཌའི་ཊོ་རོན་ཊོ་ས་གནས་ཚོགས་པ་ཁག་མཉམ་དུ་ཆོས་ཚོགས་ཚོགས་གནང་བ་དང་ཁོང་ལ་གཟེངས་རྟགས་འབུལ་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་ཨྱོན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།