མདོ་སྟོད་ཆོལ་ཁའི་འོས་མི་གསར་པ་ཁག་ཅིག
2015.09.02
འོས་བསྡུ་ཆེན་མོ།
༄༅། །སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་མདོ་སྟོད་ཆོལ་ཁའི་འོས་མི་གསར་པ་ཁག་ཅིག་དང་ལྷན་དུ་གླེང་མོལ་ཞུས་པ་གསན་རོགས་གནང་།
༄༅། །སྐབས་བཅུ་དྲུག་པའི་མདོ་སྟོད་ཆོལ་ཁའི་ཁོངས་སུ་གཏོགས་པའི་བོད་མི་དམངས་སྤྱི་འཐུས་འོས་མི་གསར་པ་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་གཙོ་གླིང་ཚང་པདྨ་བདེ་ལེགས་ལགས་དང་། དྷ་ས་གནས་བཞུགས་ནང་ཆེན་ལོ་རྒྱུས་རྩོམ་སྒྲིག་པ་ཨ་ཕོ་དགའ་སྐྱིད་ལགས་དང་། དྷ་ས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་ཁུར་གནང་བཞིན་པ་ཚེ་རིང་རྣམ་རྒྱལ་ལགས་གསུམ་ངོ་སྤྲོད་དང་ཁོང་རྣམ་པས་བོད་ཀྱི་ཛ་དྲག་གནད་དོན་ཁག་གཅིག་གི་ཐོག་ལ་དགོངས་ཚུལ་གསུངས་པ་ཞིག་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།