བཙན་བྱོལ་བོད་མིའི་འོས་བསྡུར་ཟུར་ཉན་གྱི་རྟོག་ཞིབ་གནང་རྒྱུ།
2015.10.14
ཨེ་ཤེ་ཡའི་ཡུལ་ཁག་ལས་གྲུབ་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་བཙན་བྱོལ་བོད་མིའི་འོས་བསྡུར་ཟུར་ཉན་གྱི་རྟོག་ཞིབ་བྱུ་རྒྱུ་ཡིན་པ་རེད།
དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། དེ་རིང་ཚེས་༡༤ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ་གཞིགས་ན། ༢༠༡༦ལོའི་སྐབས་༡༤པའི་བོད་མིའི་སྲིད་སྐྱོང་གི་འོས་བསྡུ་དང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་སླེབས་ལ་ཉེ་བ་དང་སྟབས་བསྟུན་སྟེ་Asia Democracy Networkའམ་ཨེ་ཤེ་ཡའི་དམངས་གཙོ་འབྲེལ་མཐུད་ཞེས་པ་ཚོགས་པ་དང་། Asian Network for Free electionའམ་ཨེ་ཤེ་ཡའི་ཁུལ་དུ་རང་དབང་ལྡན་པའི་འོས་བསྡུའི་འབྲེལ་མཐུད་ཞེས་པ་ཚོགས་པ་གཉིས་ཀྱི་འཐུས་མི་བཞི་ལས་གྲུབ་པའི་འོས་བསྡུའི་རྟོག་ཞིབ་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཟླ་བ་འདིའི་ཚེས་༡༥ནས་༢༠བར་བཙན་བྱོལ་བོད་མིའི་སྔོན་གྲོའི་འོས་བསྡུར་ཟུར་ཉན་གྱི་རྟོག་ཞིབ་གནང་རྒྱུ་ཡིན་པ་གསལ་འདུག
ADNདང་ANFRELཞེས་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་འོས་བསྡུའི་རང་དབང་བཅས་དར་སྤེལ་གཏོང་མཁན་གྱི་གོང་གསལ་ཚོགས་པ་གཉིས་ཀྱིས་Sri Lankaདང་། བལ་ཡུལ། Malaysia. Combodia. Pakistan. Bangladesh. ཤར་ཏི་མུར། Indonesiaབཅས་ཨེ་ཤེ་ཡའི་ཡུལ་ཁག་ནང་དམངས་གཙོའི་རང་དབང་དང་དམངས་གཙོའི་ལམ་ལུགས་སྲ་བརྟན་འབྱུང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་གནང་གསལ་ལྟར་ན། གོང་གསལ་འོས་བསྡུ་རྟོགས་ཞིབ་ཚོགས་ཆུང་ནས་ བོད་མིའི་སྔོན་འགྲོའི་འོས་བསྡུར་ཟུར་ཉན་གྱི་རྟོག་ཞིབ་གནང་རྒྱུའི་དམིགས་ཡུལ་གཉིས་ཡོད་པ་ནས། དང་པོ། བཙན་བྱོལ་བོད་མིའི་འོས་བསྡུའི་སྐོར་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཁྱབ་སྤེལ་གནང་རྒྱུ་དང་འབྲེལ་བོད་མིའི་འོས་བསྡུ་གནང་ཕྱོགས་ཀྱི་དགེ་སྐྱོན་ལ་གཟིགས་ཞིབ་གནང་རྒྱུ་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་བ་ས་གནས་ཀྱི་མི་མང་དང་དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
སྔོན་འགྲོའི་འོས་བསྡུའི་སྐབས་རྟོག་ཞིབ་སྐུ་ཚབ་རྣམས་ནས། བཞུགས་སྒར་གཙོས་པའི་Kullu Manaliདང་། Birབོད་མིའི་གཞིས་ཆགས་བཅས་སུ་ཟུར་ཉན་རྟོགས་ཞིབ་གནང་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།