སངས་རྒྱས་མཁར་གྱི་ཆེད་དུ་མར་མེ་ཁྲོམ་སྐོར།


2014-12-18
Share
བཞུགས་སྒར་དུ་སངས་རྒྱས་མཁར་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད། དབུས་བོད་མིའི་སྒྲིག་འཛུགས་ནས་སངས་རྒྱས་མཁར་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅༎༢༠༡༤ཟླ་༡༢་ཚེས༡༦ཉིན། མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་སངས་རྒྱས་མཁར་ལགས་ཀྱིས་ས་གནས་ཨ་མཆོག་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ། བོད་དོན་ཆེད་རང་ལུས་མེད་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར་བརྟེན། ཟླ་འདིིའི་ཕྱི་ཚེས་༡༧ཉིན་བཞུགས་སྒར་དུ་བོད་མི་ཚོས་ཁོང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

༄༅༎ལྡེ་ར་ལྡུན་དུ་ཡང་བོད་མི་ཚོས་སངས་རྒྱས་མཁར་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།