འདི་ལོའི་དགུན་ཚོང་གི་གནས་སྟངས།
2023.01.17
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། འདི་ལོ་རྒྱ་གར་ ནང་གནམ་གཤིས་གྲང་དུ་མ་ཕྱིན་པའི་ཐོག་དྲ་ཐོག་བལ་གོས་ཚོང་མཁན་དང་། འཐེན་ཚོང་རྒྱབ་མཁན། རྒྱ་གར་བའི་བལ་གོས་ཚོང་པ་མང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་ ད་བར་དགུན་ཚོང་དེ་ཙམ་ཡག་པོ་བྱུང་མི་འདུག་ན། ཚོང་ཞུགས་གང་འདྲ་ཡོང་མིན་སོགས་ཀྱི་ཐད་འབྲེལ་ཡོད་ཚོང་པ་ཁག་ཅིག་ལ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་བསྐྱར་དུ་ཞིག་གསན་རོགས་གནང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།