ཨ་རིའི་ནུབ་ཕྱོགས་བོད་མིའི་སྤྲོ་སྐྱིད་རྒྱས་འཛོམས།


2019.07.16
ཨ་རིའི་ནུབ་ཕྱོགས་བོད་མིའི་སྤྲོ་སྐྱིད་རྒྱས་འཛོམས། ཨ་རིའི་ནུབ་ཕྱོགས་སུ་ནུབ་རྒྱུད་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་སྤྲོ་སྐྱིད་རྒྱས་འཛོམས་ཀྱི་ལས་རིམ་གྱི་བྱུང་བ།
ནུབ་བྱང་བོད་མིའི་རིག་གནས་ཚོགས་པ།

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་ནུབ་ཕྱོགས་སུ་ནུབ་རྒྱུད་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་སྤྲོ་སྐྱིད་རྒྱས་འཛོམས་ཀྱི་ལས་རིམ་གྱི་བྱུང་བ་དང་། དེས་བོད་ཀྱི་རིག་གཞུང་རྒྱུན་འཛིན་ལ་ཕན་ནུས་ཇི་བྱུང་སྐོར་ནུབ་བྱང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལས་ཟུར་སྨོན་སྦུག་རབ་རྒྱལ་ལགས་དང་། ད་ལྟའི་རྒྱུན་ལས་གྲོང་རེ་ཚང་བསོད་ནམས་ལགས། འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་འཐུས་མི་བཀྲ་ཤིས་ཚེ་རིང་ལགས་བཅས་དང་ལྷན་འདི་གའི་ལས་བྱེད་བཀྲ་ཤས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

tashi-wangchuk-75གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎