རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་སྡོད་རིང་བོད་མི་ཚོས་སྔ་ཕྱི་བར་གསུམ་དུ་ངོ་རྒོལ།

2023.11.22
རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་སྡོད་རིང་བོད་མི་ཚོས་སྔ་ཕྱི་བར་གསུམ་དུ་ངོ་རྒོལ།
ཨེ་པི།

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཨ་རིའི་བྱང་ཕྱོགས་ San Franciscoགྲོང་ཁྱེར་ནང་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ཡིས་སྣེ་ཁྲིད་ནས། ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོ་ཁག་གྲུབ་ཐུབ་ཡོད་མེད། ཐེངས་འདི་བོད་པའི་མི་དམངས་ཀྱི་ལས་འགུལ་ལ་བརྟེན་ནས་བོད་ཀྱི་གནད་དོན་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་གནས་ཚུལ་བཀོད་སྤེལ་ཐུབ་ནས་བོད་དོན་ཁྱབ་བསྒྲགས་ལ་ཕན་ནུས་སྐོར། གཞན་ཡང་རྒྱ་ནག་གི་སྲིད་འཛིན་སྲིད་འཛིན་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་གྱིས་ཕེབས་བསུ་བྱེད་མཁན་རྒྱ་ནག་གཞུང་ཚབ་ཀྱིས་ཆེད་དུ་འགྲོ་གྲོན་བཏང་ནས་བཀོད་བསྒྲིགས་འོག་རྒྱ་རིགས་མང་དག་ཞིག་སླེབས་ཡོད་པ་དེ་དག་དང་གདོང་ཐུག་གི་དཀའ་ངལ་བྱུང་ཡོད་མེད་དང་། ད་ལེན་གྱི་ངོ་རྒོལ་སྐབས་སུ་བོད་རིགས་ན་གཞོན་ཁག་གཅིག་གིས་བློ་སྟོབས་ཆེ་པོས་ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་པར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བསྔགས་བརྗོད་བཅས་ལ་བལྟས་ན། མི་རིགས་གསར་པའི་བོད་དོན་འཐབ་རྩོད་ཀྱི་སྙིང་སྟོབས་མ་ཉམས་གསོན་པོ་གནས་ཡོད་མེད་ཀྱི་སྐོར་སོགས། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བགྲོ་གླེང་ཞུ་ཆེད། གོང་ཞུས་ཉིན་བཞི་ཡི་ངོ་རྒོལ་ཀྱི་ལས་འགུལ་ནང་ཐོག་མཐའ་བར་གསུམ་མདུན་དུ་ཐོན་མཁན་གྲས་ནས་ཁེ་ཎ་ཌ་ནས་ཕེབས་པའི་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་དང་ཨ་རིའི་མེ་ནེ་སོ་ཏྲ་ནས་འཇིགས་མེད་དབུ་རྒྱན་ལགས། བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་སྦྱིན་པ་མཐར་ཕྱིན། San Francisco ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་བཅས་ཁོང་རྣམ་པ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎