རྒྱ་ནག་ནང་ཀོ་ཝིཌ་༡༩ཏོག་དབྱིབས་འགོས་པའི་གྲངས་འབོར་ཆིག་ཁྲི་གསུམ་སྟོང་ཙམ་གསར་དུ་ཐོན་པ།
2022.04.11
རྒྱ་ནག་ནང་ཀོ་ཝིཌ་༡༩ཏོག་དབྱིབས་ནད་འབུ་རྣམ་པ་མང་འགྱུར་ཅན་འགོས་པའི་གྲངས་འབོར་ཆིག་ཁྲི་གསུམ་སྟོང་ཙམ་གསར་དུ་ཐོན་བཞིན་ཡོད་པས་འདས་པའི་ལོ་གཉིས་རིང་རྒྱ་ནག་ནང་ནད་འབུ་འདི་རྩ་བ་ནས་འགོག་ཐབས་ཀྱི་ཐབས་བྱུས་འཛིན་བཞིན་པར་འགོག་རྐྱེན་ཆེན་པོ་ཞིག་ཆགས་ཡོད་ཅིང་།ད་ལྟའི་དུས་འདིར་རྒྱ་ནག་གིས་ནད་ཡམས་འགོག་ཐབས་ཀྱི་ཐབས་བྱུས་འདི་ལམ་ལྷོང་ལྡན་པ་ཞིག་ཡོང་གི་ཡོད་མེད་ཀྱང་གླེང་གཞིར་གྱུར་བཞིན་ཡོད།ཐེངས་འདིའི་རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།རྒྱ་ནག་གི་གནས་བབ་ལས་འཕྲོས་ཏེ་ནད་ཡམས་འདིའི་ཁ་ཕྱོགས་གང་འདྲ་ཞིག་ཆགས་མིན་ཐད་བཀྲིས་དབང་ཕྱུག་ལགས་དང་། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གཞིའི་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།