ཀྲོའུ་ཡོན་ཁང་གི་རྒྱུ་ནོར་ཨ་སྒོར་ཐེར་འབུམ་མང་པོ་གཞུང་བཞེས།

2014-03-31
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡
རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡
པར། IC

རྒྱ་ནག་གཞུང་གིས་ཀྲོའུ་ཡོན་ཁང་དང་ཁོང་གི་ནང་མི་ཉེ་འབྲེལ་སོཊ་ཀྱི་རྒྱུ་ནོར་ཨ་སྒོར་ཐེར་འབུམ་མང་པོ་གཞུང་བཞེས་བཏང་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཡུལ་དེའི་བདེ་འཇགས་ལས་ཁང་གི་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་ནང་མི་སྤུན་མཆེད་དང༌། ཉེ་འབྲེལ་ཡང་ན་ཁོང་གི་ལས་རོགས་སོགས་མི་གྲངས་༣༠༠ཙམ་འཛིན་བཟུང་གིས་དེ་དག་ལ་དབང་བའི་མ་གནས་མི་མང་ཤོག་སྒོར་ཐེར་འབུམ་༩༠་ཙམ་གྱི་དངུལ་དངོས་གཞུང་བཞེས་བཏང་ཡོད་པ་དང་། Zhou Yongkang ཡང་སྔ་ལོའི་ལོ་མཇུག་ནས་བཟུང་བཟང་བཙོན་འོག་བཞག་ཏེ་ཞིབ་འཇུག་བྱེད་བཞིན་པ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་འགག་རྩའི་གནད་དོན་ཞིག་ཆགས་སྲིད་པ་དང༌། ཡང་ད་ལྟའི་སྲིད་འཛིན་Xi Jinping གྱིས་Zhou Yongkangདང༌། ཁོ་པའི་ནང་མི་དང་ངོ་ཤེས་ཚོའི་ཐོག་ཞིབ་རྩད་ནན་པོ་བྱེད་བཞིན་པའི་རྒྱུ་མཚན་གཅིག་ནི། དེ་སྔ་Zhou Yongkang གྱིས་ Bo Xilai ཡི་རྒྱབ་རྩར་ལངས་པའི་རྐྱེན་གྱིས་ཡིན་པའི་གནས་ཚུལ་ཡོད་བཞིན་པ་རེད།  
གསར་འགོད་པ་ངག་དབང་ཆོས་འཕེལ།

དྲ་གནས་ཆ་ཚང༌།