རྒྱ་ནག་གིས་བོགས་མ་རག་ཐབས་ལ་འབད་བརྩོན་བྱེད་བཞིན་པ།

2014-02-27
གློག་འཕྲིན།
མཆན།
Share
པར་བཀོད།
གནས་ཆེན་ལུམ་བི་ཚལ་ཁུལ་གྱི་Gautam Buddhaགནམ་ཐང་། ༢༠༡༡
གནས་ཆེན་ལུམ་བི་ཚལ་ཁུལ་གྱི་Gautam Buddhaགནམ་ཐང་། ༢༠༡༡
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

རྒྱ་ནག་གིས་བལ་ཡུལ་ནང་གནམ་ཐང་རྒྱ་བསྐྱེད་ཀྱི་མ་གནས་ཨ་སྒོར་ཐེར་འབུམ་གཅིག་ཙམ་གྱི་བོགས་མ་རག་ཐབས་བྱེད་བཞིན་པ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཡོད་པའི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ཡུལ་ལུམ་བྷི་ནི་ཡི་ཉེ་འཁྲིས་སུ་ཡོད་པའིBhairahawaཞེས་པའི་ས་ཁུལ་ནང་ཡོད་པའི་Gautam Buddha གནམ་ཐང་དེ་ཡར་རྒྱས་གཏོང་རྒྱུའི་མ་གནས་ཨ་སྒོར་ཐེར་འབུམ་གཅིག་ཙམ་གྱི་བོགས་མ་རག་ཐབས་སུ་རྒྱ་ནག་གི་ཁེ་གཉེར་ལས་ཁང་ལྔ་དང་། སི་པན་ཡུལ་གྱི་ཁེ་གཉེར་ལས་ཁང་གཉིས་བཅས་ཀྱིས་འབད་བརྩོན་བྱེད་བཞིན་པ་དང་། གནམ་ཐང་ཡར་རྒྱས་ཀྱི་ལས་གཞི་མཇུག་སྒྲིལ་རྗེས་བལ་ཡུལ་གཞུང་གིས་ མ་འོངས་ལོ་བཅུའི་ཙམ་ནང་ནང་བའི་གནས་ཆེན་ལུམ་བྷི་ནི་ལ་གནས་མཇལ་དུ་ཡོང་མཁན་གནས་སྐོར་བ་ས་ཡ་མང་པོ་དབོར་འདྲེན་བྱེད་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།  བལ་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། བལ་ཡུལ་གྱི་ཏར་འཕྲིན་དང་། གཞུང་ལམ། རི་ལིའི་ལྕགས་ལམ། ཆུ་གློག དེ་བཞིན་གནམ་ཐང་གི་ལས་གཞི་སོགས་མང་པོ་ཞིག་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ལ་བོགས་མ་བཏང་ཡོད་པ་དང་། དེས་རྒྱ་གར་གྱི་ནུབ་ཕྱོགས་སུ་བདེ་སྲུང་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་ཡིན་འདུག ལུམ་བྷི་ནིའི་ཉེ་འཁྲིས་ཀྱི་གནམ་ཐང་དེ་ཡར་རྒྱས་གཏོང་རྒྱུའི་ལས་ཀའི་བོགས་མའི་ཆེད་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་༣༧ཙམ་ཀྱིས་སྙན་ཞུའི་འགེངས་ཤོག་བླངས་ཡོད་ཀྱང་མཐའ་མ་སྙན་ཞུ་ཕུལ་མཁན་བདུན་མ་གཏོགས་བྱུང་མེད་པ་རེད་འདུག
གནམ་ཐང་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་དང་། བལ་ཡུལ་གཞུང་། དེ་བཞིན་OPECཞེས་པའི་རྒྱལ་སྤྱིའི་ཡར་རྒྱས་ཐེབས་རྩ་ཁང་བཅས་ཀྱིས་མ་དངུལ་གནང་རྒྱུ་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ

མཆན། (0)
Share
དྲ་གནས་ཆ་ཚང༌།