ཡུ་གུར་བ་བརྒྱད་ལ་བསད་འདུག


2013-12-30
Share
དེ་སྔོན་རྒྱ་ནག་གིས་ཤིན་ཅང་ཡུ་གུར་བའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐབས་ཀྱི་པར་ཞིག།
པར། AFP

རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་ཤིན་ཅང་ཡུ་གུར་བ་བརྒྱད་ལ་མེ་མདའ་རྒྱབ་ནས་བསད་ཡོད་པ་ཕྱི་བསྒྲགས་བྱས་འདུག
དེ་ཡང་གནས་ཚུལ་ནང། ཤར་ཏུར་ཀིསི་ཐན་གྱི་ལྷོ་ཕྱོགས་ཁུལ་གྱི་གྲོང་ཁྱེར་Kashgar ཞེས་བའི་ཉེ་འཁྲིས་Yarkand རྫོང་སྡེའི་ནང་གྲི་འཁྱེར་ཡོད་པའི་མི་དགུ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་འཛུལ་ཐབས་བྱས་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་མི་བརྒྱད་རྐྱེན་ལམ་དུ་བཏང་བ་དང་། མི་གཅིག་འཛིན་བཟུང་བྱས་ཡོད་པ་འཁོད་འདུག ཤར་ཏུར་ཀིསི་ཐན་ནང་ཁ་ཆེ་ཡུ་གུར་མི་རིགས་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁུལ་དེའི་མི་མང་ཕལ་ཆེ་བས་རྒྱ་ནག་གཞུང་གིས་ཁོང་ཚོའི་ཐོག་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་། མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
༢༠༡༣ལོའི་ཟླ་བཞི་པ་ནས་བཟུང་ཤར་ཏུར་ཀིསི་ཐན་ནང་དྲག་ཟིང་བསྟུད་མར་བྱུང་བའི་ཁྲོད། ཉེན་རྟོག་པ་ཐེ་པའི་མི་གྲངས་༩༡ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང། ཟླ་བ་འདི་གཅིག་པུའི་ནང་རྒྱ་མིའི་ཉེན་རྟོག་པས་གྲོང་ཁྱེར་Kashgarགི་ཉེ་འཁྲིས་ནས་མི་༡༤ལ་མེ་མདའ་བརྒྱབ་ནས་བསད་ཡོད།
རྒྱ་ནག་གིས་ཤིན་ཅང་མི་རིགས་ཐོག་མེ་མདའ་བརྒྱབ་ནས་རྐྱེན་ལམ་དུ་གཏོང་བཞིན་པའི་བྱ་སྤྱོད་དེ་ནི་རྒྱ་ནག་གཞུང་གིས་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་གྱི་ཆ་ཤས་ཞིག་
ཡིན་པའི་མཐོང་ཚུལ་ཡོང་གི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།