ཀྲོའུ་ལ་རྟོག་ཞིབ་འགོ་འཛུགས་བྱ་རྒྱུའི་བཀོད་ཁྱབ་བཏང་འདུག


2013.12.16
རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲོའུ་ཡུང་ཁང་། ཀྲོའུ་ཡུང་ཁང་
པར། AFP

རྒྱ་ནག་གི་སྲིད་འཛིན་ཤེ་ཅིན་ཕུན་གྱིས་ཀྲོའུ་ཡུང་ཁང་ལ་ལྐོག་ཟ་རུལ་སུངས་ཀྱི་རྟོག་ཞིབ་འགོ་འཛུགས་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་འདུག

དེ་ཡང་ཨ་རིའི་The New York Times  གསར་ཤོག་གིས་གནས་ཚུལ་སྤེལ་དོན། ཀྲོའུ་ཡུང་ཁང་ལ་རྟོག་ཞིབ་བྱ་རྒྱུའི་ཐག་གཅོད་དེ་བཞིན་ཟླ་བ་འདིའི་ཚེས་ཤར་ནང་བྱས་ཡོད་པ་རྒྱ་ནག་གི་མཐོ་རིམ་ཆབ་སྲིད་མི་སྣ་དང་འབྲེལ་བ་ཡོད་མཁན་གྱི་གནས་ཚུལ་འབྱུང་ཁུངས་ཁག་ཅིག་གིས་འགྲེལ་བརྗོད་བྱས་ཚུལ་དང་། ཀྲོའུ་ནི་རྒྱ་ནག་ཆབ་སྲིད་ཅུས་དབུས་རྒྱུན་ལས་ཀྱི་ཚོགས་མི་ཟུར་པ་དང༌། འདས་པའི་ལོ་ངོ་བཅུ་ཕྲག་ཅིག་རིང་གི་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་དབང་ཤུགས་ཆེ་ཤོས་ཤིག་ཡིན་པར་བརྟེན། རྒྱ་ནག་གི་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་ནང་མཐོ་རིམ་མི་སྣར་གཞུང་འབྲེལ་རྟོག་ཞིབ་བྱས་པ་ཐེངས་དང་པོ་དེ་

ཆགས་ཀྱི་ཡོད་པ་རེད།  རྒྱ་ནག་གི་དཔོན་རིགས་རྒན་པ་ཞིག་གིས་གཞུང་འབྲེལ་ཐག་གཅོད་དེ་བརྡ་སྐྱེལ་ཆེད་ཀྲོའུ་ཡི་ཁྱིམ་དུ་ཕྱིན་འདུག་པ་དང༌། ཉིན་དེ་ནས་བཟུང་ཀྲོའུ་དང་བཟའ་ཟླ་གཉིས་ཐོག་བར་མཚམས་མེད་པར་ལྟ་སྲུང་བྱེད་བཞིན་ཡོད་པ་དང་།  དམར་ཤོག་ཚོགས་པའི་དཔོན་རིགས་ཀྱི་ཁྱིམ་ཚང་དང་འབྲེལ་བ་ཡོད་པའི་ཁྲིམས་རྩོད་པ་ཅིག་དང༌། འགོ་ཁྲིད་འདས་པོ་ཞིག་གི་ཚ་མོ་གཅིག་སོགས་མིང་འདོན་བྱ་འདོད་མེད་པའི་མི་ལྔས་ཀྲོའུ་ཡུང་ཁང་གི་གནས་སྟངས་སྐོར་འགྲེལ་བརྗོད་བྱས་པ་New York Times གསར་ཤོག་གིས་ལུང་འདྲེན་བྱས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་ཁེ་ཎ་ཌ་དང་ཨ་རི་གཉིས་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་ཁེ་ཎ་ཌར་ཕེབས་འབྱོར་བྱུང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎