རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས།
2014.05.20

ཨེ་ཨེཕ་པི།
༄༅༎དེ་རིང་གི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་དུ་ཉེ་ཆར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་གནང་རྗེས་བྷཱ་རཏ་ཇ་ན་ཏ་པར་ཊི་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང༌།ཀོང་རེས་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བའི་གནས་ཚུལ་ཐོག་ལས་རིམ་གཙོ་སྐྱོང་བ་སྐལ་ལྡན་བློ་གྲོས་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྷ་རམ་ས་ལའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་དབར་དཔྱད་མོལ་གནང་བར་གསན་རོགས་ཞུ༎