༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཁུ་ནུའི་མི་མང་རྣམས་ཡོད་ཅེས་པའི་ལས་འགུལ།
2023.04.27

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་གི་Kinnuar གི་Reckong Peo ཞེས་པའི་གྲོང་ཁྱེར་ནང་། ཕྱི་ཚེས་༢༦་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཁུ་ནུའི་མི་མང་རྣམས་ཡོད་ཅེས་པའི་གཞི་རྒྱ་ཆེའི་ལས་འགུལ་སྤེལ་བ་དེའི་སྐོར། སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་དང་། ལས་འགུལ་དེ་གོ་སྒྲིག་ཞུ་མཁན་གྲས་ཤིག་ཡིན་པ་ཨཱཅཱརྱ་ཚེ་དབྱངས་དཔལ་འབྱོར་ལགས་ལ། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག