རྒྱ་ནག་གི་དཔོན་རིགས་འབུམ་གཉིས་ཙམ་ལ་ཉེས་ཆད།


2014.01.10
རྒྱ་ནག་གི་འགོ་ཁྲིིད་ཞི་ཅིན་ཕུན། ཞི་ཅིན་ཕུན
པར། AFP

ལོ་སྔོན་མར་རྒྱ་ནག་རྒྱལ་ཡོངས་སུ་དམར་ཤོག་ཚོགས་མི་དང་ལས་བྱེད་པ་འབུམ་གཉིས་ཙམ་ལ་ཉེས་ཆད་བཅད་འདུག
དེ་ཡང་ཚེས་༡༠ཉིན། རྒྱ་ནག་གི་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ནས། ཕྱི་ལོ་༢༠༡༣ལོའི་ལྐོག་ཟ་རུལ་སུངས་ལས་དོན་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལྷན་ཁང་གི་བློན་ཆེན་གཞོན་པ་ Huang་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ཕྱི་ལོ་༢༠༡༣ལོར་དམར་ཤོག་ཚོགས་མི་དང་ལས་བྱེད་པ། རྒྱལ་ཁབ་ཀྱི་ལས་ཁུངས་ལས་དོན་མི་སྣ་འབུམ་གཅིག་དང་ཁྲི་བརྒྱད་ལྷག་ལ་ཉེས་ཆད་བཅད་པ་དང་། ཕྱི་ལོ་༢༠༡༢ལོ་དང་བསྡུར་ན་ཁྲི་གཉིས་ཀྱིས་ཇེ་མང་དུ་སོང་ཡོད། དེ་མིན་༢༠༡༣ལོར་རྒྱ་ནག་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལྷན་ཁང་ལ་ས་གནས་ཁག་ནས་ཞུ་གཏུག་ཡིག་གེ་འབུམ་གཉིས་འབྱོར་ཡོད་ལུགས་ཀྱང་བསྒྲགས་འདུག
རྒྱ་ནག་གི་འགོ་ཁྲིད་གསར་པ་Xi Jigping གིས་ན་ནིང་ཕྱི་ཟླ་གསུམ་པའི་ནང་། རྒྱ་ནག་གི་སྲིད་དབང་འཛིན་སྐབས་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུང་བྱེད་པའི་བྱ་སྤྱོད་དེ་ནི་གུང་ཁྲན་ཏང་འཚོ་གནས་ལ་ཉེན་ཁ་ཆེན་པོ་བཟོ་མཁན་ཡིན་པའི་ཉེན་བརྡ་བཏང་བའི་ཁར། ལྐོག་ཟ་རུལ་སུང་གི་བྱ་སྤྱོད་དེ་ཡིས་རྒྱ་ནག་མི་དམངས་ཁྲོད་གུང་ཁྲན་ཏང་ལ་འཁོན་འཛིན་ཆགས་གཞི་ཞིག་ཏུ་གྱུར་བར་བརྟེན་ནས་Xi Jinping གིས། དཔོན་རིགས་ཀྱི་ལྐོག་ཟ་རུལ་སུང་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་ཁས་ལེན་བྱས་པ་ལྟར་ཁོང་གིས་རྒྱ་ནག་གི་སྲིད་དབང་བཟུང་ནས་ལོ་གཅིག་མ་ཟིན་ཙམ་དེའི་ནང་དུ་ལྐོག་ཟ་རུལ་སུང་ཐོག་རྡུང་རྡེག་གཏོང་གི་ཡོད་པའི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུང་ཐོག་རྡུང་རྡེག་བཏང་བའི་ལས་འགུལ་ཁྲོད་ན་ནིང་ཕྱི་ཟླ་༡༡ནས་བཟུང་ད་བར་དུ་ལྐོག་ཟ་རུལ་སུང་བྱེད་མཁན་དཔོན་རིགས་མཐོ་གྲས་སུ་རྒྱ་ནག་གཞུང་གིས་དངོས་རྫས་ལྟ་རྟོག་ཁང་གི་འགོ་ཁྲིད་Jiang Jiemin དང། བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་Li Dongsheng སོགས་རྒྱ་ནག་གི་བློན་ཆེན་གཞོན་པའི་རིམ་པའི་གོ་གནས་ཡོད་པ་དང་། གོ་གནས་དེ་ལས་མཐོ་བའི་དཔོན་རིགས་༡༩ ལ་ལྐོག་ཟ་རུལ་སུང་གི་ཉེས་ཆད་ཕོག་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
རྒྱ་དཀར་ནག
རྒྱ་ནག་པེ་ཅིང་དང་ཐེ་ཝན།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎