རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོཊ་ཆེན་ཐེངས་བཅོ་ལྔ་བ་ཧྥ་རན་སུར་ཚོཊ་བཞིན་འདུག
2019.07.10

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅོ་ལྔ་བ་དེ་ཕྱི་ཟླ་༧པའི་ཚེས་༨་ནས་གཟའ་འཁོར་གཅིག་གི་རིང་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་འཚོགས་བཞིན་འདུག
དེ་ཡང་ཚེས་༨་ཉིན་མཁས་དབང་མཁར་རྨེའུ་བསམ་བསྟན་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད་ཅིང་། ལོ་བཞི་རེའི་མཚམས་སུ་ཐེངས་རེ་འཚོག་པའི་ཐེངས་འདིའི་ཚོགས་འདུར། ཁྱོན་རྒྱལ་ཁབ་༢༠ ལྷག་ནས་བོད་རིག་པའི་ཞིབ་འཇུག་པ་ ༦༠༠ ཙམ་ཚོགས་ཞུགས་གནང་ཡོད་འདུག
གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་ལྷན་ཚོགས་ཐོག་བོད་ནས་ཕེབས་མཁན་ཚོགས་བཅར་བ་མི་བཅུ་གྲངས་ཤིག་ལ་རྒྱ་གཞུང་གིས་ཕྱི་བསྐྱོད་ལམ་ཡིག་མ་སྤྲད་པ་དང་ཚོགས་ཞུགས་བྱ་རུ་མ་བཅུག་པར་བཀག་སྡོམ་བྱས་ཡོད་འདུག ཚོགས་བཅར་བའི་ཁོངས་ནས་ཕྱི་རྒྱལ་གྱི་བོད་ཀྱི་ལོ་རྒྱུས་ཆེད་ལས་མཁན་ཞིག་གིས། རྒྱ་ནག་གི་བྱ་སྤྱོད་དེ་ཧ་ལས་པ་དང་ཡ་ང་བའི་གནས་སྟངས་ཞིག་རེད། རྒྱ་ནག་གིས་བཀག་བསྡོམས་བྱེད་པ་ད་ལེན་གཅིག་པུ་མ་ཡིན་པར་དེ་སྔོན་ཡང་བྱུང་ཡོད་ཅེས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་ཡོད།
ཐེངས་འདིའི་བོད་རིག་པའི་ཞིབ་འཇུག་དཔྱད་གླེང་གི་རྣམ་གྲངས་ནང་། ལོ་རྒྱུས་དང་རྒྱལ་རབས། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ། གནའ་རྫས་རིག་པ། སྒྱུ་རྩལ་ལོ་རྒྱུས་དང་། དངོས་རྫས་རིག་པ། ས་ཁམས་རིག་པ། མི་འབོར་རིག་པ། ཁོར་ཡུག་རིག་པ། ཕོ་མོའི་རིག་པ། རྩོམ་རིག གསོ་རིག་སོགས་རིག་གནས་བཅུ། ས་ཁུལ་རིག་པ་སོགས་རྣམ་གྲངས་མང་བོ་ཞིག་གི་སྐོར་ལ་བགྲོ་གླེང་གནང་གི་ཡོད་འདུག